分享按钮

གྲུབ་འབྲས་200ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ།

རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུཊ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ།“ཇོ་མོ་གླང་མར་འཛེགས་པ”དང་འཇིག་རྟེན་འཕུར་སྐྱོད་པའི་ཟུར་ཚད་ཐོག་ནས་ལྷ་གྲུའི་འཕུར་གྲུར་བསྡད་པ་སོགས། ཚེས་25ཉིན།པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཧྲོའུ་ཀང་གླིང་གི་འགྲེམས་ཁང་ཨང་11པར་གཉེར་བའི་ཚན་རྩལ་གསར་གཏོད་འགྲེམས་སྟོན་ཐོག་ཕུལ་བྱུང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་200ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་།དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། སྨན་བཅོས་བདེ་ཐང་། ནུས་ཁུངས་ཚན་རྩལ། དེང་རབས་ཞིང་ལས། རིག་ནུས་བཟོ་སྐྲུན་སོགས་ཚུད་ཡོད་པ་རེད།

འགྲེམས་སྟོན་དེ་ཚན་རྩལ་པུའུ་དང་པེ་ཅིང་གྲོང་ཁྱེར་གྱིས་གཉེར་བ་ཞིག་ཡིན་པ་དང་།སྤྱི་དམངས་ཀྱིས་དེའི་ཁྲོད་ནས་ཚན་རྩལ་གྲུབ་འབྲས་ཀྱི་འཕེལ་རིམ་གསར་ཤོས་ཤེས་རྟོགས་ཐུབ་པར་མ་ཟད། རང་བྱུང་གནོད་འཚེ་དང་། མེ་སྐྱོན་རང་སྐྱོབ་སྦྱོང་བརྡར། རིག་ནུས་གློག་འཁྱུད་མྱུར་སྐྱོབ་ལད་ཟློས་སོགས་ཚན་རྩལ་ཁྱབ་གདལ་མཉམ་འགུལ་ཉམས་ལེན་བྱེད་སྒོའི་ནང་ཞུགས་ཆོག་གི་ཡོད་པ་རེད། ཚན་རྩལ་གསར་གཏོད་འགྲེམས་སྟོན་དང་དུས་གཅིག་ཏུ་འཚོགས་པའི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ཆེད་དོན་འགྲེམས་སྟོན་ནང་རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་རྒན་དར་གཞོན་གསུམ་གྱི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་།ཁོང་ཚོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མུ་མཐུད་རྒྱུན་འཛིན་བྱས་པའི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་བཤད་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད།

གཞན་ཡང་། འགྲེམས་སྟོན་བྱ་ཡུལ་དུ་ད་དུང“ཚན་རིག་གི་ཡུལ་དངོས་དང་པོར”ཐད་ཀར་ཚན་རྩལ་གཟའ་འཁོར་དང་པེ་ཅིང་གྲོང་ཁྱེར་གྱི་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་དང་།པེ་ཅིང་གྲོང་ཁྱེར་གྱི་ཚན་རྩལ་ཁྱབ་གདལ་ཚོད་ལྟའི་འགྲེམས་སྟོན་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་བ་རེད།

པེ་ཅིང་ཧྲོའུ་ཀང་གླིང་དུ་གནས་པའི་འགྲེམས་སྟོན་དང་ཚན་རིག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་ནི་ད་ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ཆ་ཤས་ཤིག་རེད།ཤེས་རྟོཊ་བྱུང་བར་གཞིགས་ན། ཚན་རྩལ་པུས་ད་དུང་ཚན་རྩལ་བྱེད་སྒོའི་གཟའ་འཁོར་རིང་འབྲེལ་ཡོད་ཚན་པ་དང་ས་གནས་མཉམ་འབྲེལ་བྱས་ནས“ཆུར་ཤེས་རྟོགས་དང་ཆུར་སྲུང་སྐྱོང་གི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པ་དང་། “རིག་གཞུང་འཚོ་བའི་ཁྲོད་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ”ཞེས་པ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གྲྭར་སྤེལ་བ། རྒྱལ་ཁབ་འབྱུང་ཁམས་ཁོར་ཡུག་ཚན་རྩལ་ཁྱབ་གདལ་རྟེན་གཞི་སྒོ་དབྱེ། “རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན་སྟེ་ཤང་ཀང་ཀྲུའུ་ཨའོ་ཟམ་ཆེན་དུ་ཉེ་བར་བཅར་བ”སོགས་རེས་འཁོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།

འབྲེལ་ཡོད་ཚན་པས་རང་བྱུང་ཐོན་ཁུངས་ཀྱི་ཚན་རྩལ་གཟའ་འཁོར་དང་།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་ཚན་རྩལ་ཟླ་བ།འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚན་རྩལ་གཟའ་འཁོར།ཞིང་ལས་ཚན་རྩལ་གཟའ་འཁོར།གནམ་གཤིས་ཚན་རྩལ་གཟའ་འཁོར།ནགས་ལས་དང་རྩྭ་ཐང་གི་ཚན་རྩལ་གཟའ་འཁོར་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་དང་ཚན་རྩལ་ཁྱབ་སྤེལ་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་གྱི་སྡེ་ཁུལ་དང་། གྲོང་གསེབ་ཀྱི་ཤང་གྲོང་། བཟོ་གཏེར་ཁེ་ལས། སློབ་གྲྭ་འབྲིང་ཆུང་བཅས་སུ་བསྐྱོད་རྒྱུ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་ཚན་རྩལ་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་2001ལོར་གཉེར་བ་ནས་བཟུང་། མང་ཚོགས་ཞུགས་པའི་གྲངས་ཚད་ཧ་ཅང་མང་བ་དང་།ཁྱབ་རྒྱ་ཆེ་བ།སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་བཅས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཚན་རྩལ་སྤུས་རྟགས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད།ད་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དེ་ཟླ་5ཚེས་25ཉིན་ནས་ཟླ་6ཚེས་1ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་། བརྗོད་དོན་གཙོ་བོ་ནི“ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་པ་དེ་ཡིན་པ་དང་ཚན་རྩལ་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱ་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 གྲུབ་འབྲས་200ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ། 6 6 拉萨日报藏文 c181574.html 1 རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུཊ་པ། /enpproperty-->