分享按钮

ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་ཟླ་5ཚེས་30ཉིན་ནས་བཟུང་སྤྱི་དམངས་ལ་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གསར་འགོད་པས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་5ཚེས་30ཉིན་ནི“རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོ”ཐེངས་བརྒྱད་པ་དེ་ཡིན་པ་དང་ཉིན་དེར་འཚོགས་པའི“རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི”བྱེད་སྒོའི་ཐོག་ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་སྤྱི་དམངས་ལ་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2010ལོ་ནས་བཟུང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་སྡེ་ཚན་11དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ཐོག“ཚན་རིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུའི་འདུ་འགོད”ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད། ལོ་བཅུ་ལྷག་ཙམ་རིང་། ལས་གཞི་དེས་སྔ་རྗེས་སུ་ཚན་རིག་མཁས་ཅན་674ཡི་རིག་གཞུང་འཕེལ་རྒྱས་ཀྱི་དཔྱད་གཞི་འཚོལ་བསྡུ་བྱེད་པའི་ལས་དོན་སྤེལ་ནས་ཀྲུང་གོའི་ཚན་རིག་མཁས་ཅན་གྱི་རིག་གཞུང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་འཕྲིན་ཡིག་དང་། ཕྱག་བྲིས། ཚན་རིག་དཔྱད་ཆས། གསུང་རྩོམ། སྒྲ་སྒམ་དང་འབྲེལ་ཡོད་རིག་དངོས་དང་ཚད་ལྡན་ཡིག་ཆ་སོགས་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་འཚོལ་བསྡུ་བྱས་པས་མིག་སྔར་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་དང་། ནང་དོན་ཕུན་སུམ་ཚོགས་ཤོས། རིཊ་རྒྱ་ཆེ་ཤོས་བཅས་ཀྱི་ཚན་རིག་མཁས་ཅན་གྱི་ལོ་རྒྱུས་དཔྱད་གཞིའི་རྩ་ཆེན་ཉར་ཚགས་འདུ་འགོད་ཀྱི་མཛོད་དུ་གྱུར་ཡོད་པ་རེད།

ད་ལོའི“རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ”འཆར་ཉེར་ཡོད་པའི་སྐབས་སུ་རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་སྤེལ་ལྟེ་གནས་སུ་གནས་པའི་ཀྲུང་གོའི་ཚན་རིག་མཁའ་ཅན་རྟེན་རྫས་བཤམས་མཛོད་ཁང་སྤྱི་དམངས་ལ་དངོས་སུ་སྒོ་མོ་འབྱེད་རྒྱུ་ཡིན་པ་དང་སྦྲགས། ཐོག་མའི་འགྲེམས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་།ཐོག་མའི་འགྲེམས་སྟོན་ནང་འགྲེམས་ཁུལ་གཙོ་བོ་1དང་ཆེད་དོན་འགྲེམས་ཁུལ་5ཚུད་ཡོད། འགྲེམས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5000ཡོད་པ་རེད།

དེའི་ནང་འགྲེམས་ཁུལ་གཙོ་བོར“སྤྱི་མཐུན་རྒྱལ་ཁབ་ཀྱི་ཀ་བ།ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་སྤུས་ལེགས་འགྲེམས་དངོས”དང“ཡུན་རིང་འཚོལ་བསྡུ་བྱས་པའི་གྲུབ་འབྲས། ཚན་རིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་དཔྱད་ཡིག་འཚོལ་བསྡུའི་འདུ་འགོད་ཀྱི་ཆེད་དོན་འགྲེམས་དངོས”བཅས་ཁག་ཆེན་པོ་གཉིས་སུ་དབྱེ་ཡོད་པ་དང“ཚན་རིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་དཔྱད་ཡིག་འཚོལ་བསྡུའི་ལས་གཞིའི”ཞིབ་འཇུག་གྲུབ་འབྲས་ཁག་དང་པོ་རྨང་གཞིར་བྱེད་པ་དང་། ཁྱོན་ཚན་རིག་པ་190ལྷག་ཙམ་གྱི་དངོས་པོ(ཆ་ཚང)400ལྷག་ཙམ་དང་། རྩ་ཆེའི་པར་རིས་400ལྷག་ཙམ། དེ་བཞིན་འབྲེལ་ཡོད་ཚན་ཞིབ་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་འགྲེམས་དངོས་ཆེ་གྲས་10ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད།

ཟླ་5ཚེས་30ཉིན་གྱི་ཕྱི་དྲོ་ནས་བཟུང་། སྤྱི་དམངས་ཀྱིས་རྒྱལ་ཁབ་ཚན་རྩལ་ཁྱབ་སྤེལ་ལྟེ་གནས་སམ་ཡང་ན་ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་གི་སྐད་འཕྲིན་སྤྱི་རྟགས་བརྒྱུད་རིན་མེད་ངང་ལྟ་སྐོར་བྱ་རྒྱུའི་ཁ་ཆད་བྱས་ཆོག དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ཚན་རིག་མཁས་ཅན་287གྱི་བསམ་པའི་སློབ་གསོའི་རྟེན་གཞིས་མཉམ་འགུལ་ངང“དམངས་ཡོངས་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་པའི”བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། “ཚན་རིག་མཁས་ཅན་གྱི་ས་བཀྲ”ཡང་བྱེད་སྒོ་སྤེལ་རིང་ཁྱབ་བསྒྲཊ་བྱ་རྒྱུ་ཡིན་པ་དང་། དྲ་ཐོག་ས་བཀྲའི་རྣམ་པའི་ཐོག་ནས་ཕྱོཊ་བསྡུས་རྣམ་པའི་VRའགྲེམས་སྟོན་དང་། AIལག་རྩལ། གྲངས་རིག་མཁས་ཅན་གྱི་སྤེལ་རེས་སོཊ་དེང་རབས་ཅན་གྱི་ལག་རྩལ་བྱ་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་ཚན་རིག་མཁས་ཅན་གྱི་བསམ་པའི་འགྲེམས་སྟོན་གྱི་ཐོན་ཁུངས་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ་ཡིན་པ་རེད།

ད་ལོའི“རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི”བྱེད་སྒོ་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོཊ་དང་ཚན་རྩལ་པུས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་པ་དང་། དེའི་ནང“ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི”འགྲེམས་སྟོན་རབ་དང་རིམ་པ་དང་། “ཚན་རིག་མཁས་ཅན་གྱི་སྙིང་སྟོབས་སྒྲོག་པའི”གཙོ་དོན་བྱེད་སྒོ། “སྤྱི་མཐུན་རྒྱལ་ཁབ་ཀྱི་ཀ་བ”ཞེས་པའི་རིག་རྩལ་མཉམ་འཁྲབ་དང་ཚན་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སོཊ་ཚུད་ཡོད། བྱེད་སྒོའི་དུས་ཚོད་ནི་ཟླ་5པའི་ཟླ་སྟོད་ནས་ཟླ་6པའི་ཟླ་སྟོད་བར་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181575.html 1 ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་ཟླ་5ཚེས་30ཉིན་ནས་བཟུང་སྤྱི་དམངས་ལ་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ། /enpproperty-->