ཟླ་5ཚེས་25ཉིན། གུང་གཞོན་སྡེ་ཚོགས་ཆིན་ཏའོ་གྲོང་ཨུད་དང་ཆིན་ཏའོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་ཀྱིས་གཙོ་གཉེར་བྱས་པའི་ཆིང་ཏའོ་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་ཡུལ་གྱིས་ས་ཚིགས་ལ་དྲོ་སྐྱིད་སྦྱིན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་སྐྲུན་ཧྲང་ཧའེ་མཉམ་ལས་ཐོག་བརྩེགས་ཁང་ཆེན་དུ་སྤེལ་ཞིང་། བྱེད་སྒོའི་ཁྲོད། མཐའ་འཁོར་སྡེ་ཁུལ་གྱི་ལོ་ཆུང་བྱིས་པ་དང་། དེ་བཞིན་བཟོ་སྐྲུན་པའི་བུ་ཕྲུག ལོང་བའི་སློབ་གྲྭའི་སློབ་མའི་འཐུས་མི་སོགས་གདན་དྲངས་ནས་མཉམ་འགུལ་གྱི་བྱེད་སྒོ་སྤེལ་བས“བསམ་འདུན་ཕྲན་བུ་གྲུབ་པ”དང“དྲུག་གཅིག་ལ་བསུ་བ་ཞུ་བའི”རྣམ་པ་བཟང་པོ་མངོན་པ་རེད། པར་འདི་ནི་ཆིང་ཏའོ་གྲོང་ཁྱེར་ལོང་བའི་སློབ་གྲྭའི་ཕྲུ་གུ་ཚོས་བྱེད་སྒོ་སྤེལ་ཡུལ་དུ《ང་ཡི་མེས་རྒྱལ》ཞེས་པའི་གླུ་དབྱངས་ལེན་བཞིན་པའི་རྣམ་པ་ཡིན།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社