分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་ནི་རང་སྐྱོང་ལྗོངས་ཀྱི་རོང་ཁུལ་གྱི་གཞི་ཁྱོན་ཅན་གྱི་འབྱུང་ཁམས་འཛུགས་སྐྲུན་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཞིག་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་འབྱུང་ཁམས་ཁོར་ཡུག་ལ་བདེ་སྐྱིད་སྐྲུན་པའི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཀྱང་རེད། ལས་གཞི་སྤེལ་འགོ་ཚུགས་པ་ནས་བཟུང་། སྔོ་ལྗང་དང་མཛེས་འགྱུར་ཟུང་འབྲེལ་དང་། སྔོ་ལྗང་དང་འབབ་འཕར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འབྱུང་ཁམས་ཤེས་དཔལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ལྷག་པར་དུ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར་2023ལོའི་ཟླ་5པར་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། མང་ཚོགས་ལ་ལས་ཞུགས་ཡོང་འབབ་སྒོར་ཁྲི་980ལྷག་ཙམ་བྱུང་ཡོད།

ཉིན་ཤས་གོང་། གསར་འགོད་པ་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ལྷ་སའི་ལྷོ་བྱང་རི་བོའི་ནགས་བཟོའི་ལས་གཞི(གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་སྦྲེལ་ཁུང་དང་པོ)ནས་ཤིང་འཛུགས་ནགས་བཟོའི་ཐོག་མའི་ཕན་འབྲས་མཐོང་ཡོད་ཅིང་། དེ་སྔའི་རི་རྒོད་ཀླུང་གསུམ་ལ་སྔོ་ལྗང་གི་གོས་གསར་བཀླུབས་ཡོད་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱས་ཡོད། དྲེལ་པ་ཚོས་ཤིང་སོན་དྲེལ་ལ་བཀལ་ནས་རི་སྟེང་དུ་དབོར་གྱི་ཡོད་ཅིང་། གྲོང་མི་ཚོས་ཕན་ཚུན་གཞོགས་འདེགས་ངང་ས་དོང་འདྲུ་བ་དང་། ཤིང་སོན་འཛུགས་པ། ཆུ་འདྲེན་པ་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད་པས། ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད། གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་གྲོང་མི་ཡེ་ཤེས་རྡོ་རྗེས་ང་ཚོ་འབྲོག་མ་གྲོང་ཚོའི་ཡུག་སྦྲེལ་ཁུལ་དང་པོར་ཤིང་སོན་འཛུགས་པའི་ལས་ལ་ཞུགས་ཡོད། ཉིན་རེར་གླ་ཕོགས་སྒོར་250ཡོད་པ་དང་། ཟླ་གཅིག་ལ་གླ་ཕོགས་སྒོར་7500ལྷག་ཙམ་ཡོད་པས་ཧ་ཅང་དགའ་པོ་འདུག དུས་མཚུངས་ཤིང་འཛུགས་ནགས་བཟོ་བྱེད་པ་ནི་ཕ་ཡུལ་གྱི་འབྱུང་ཁམས་ལ་ལེགས་སྐྱེས་འབུལ་སྟངས་ཤིག་ཡིན་པས། དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བཤད།

གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་སྦྲེལ་ཁུལ་དང་པོའི་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་ཀྱི་རྒྱ་ཁྱོན་ལ་མུའུ་2492.5ཡོད་པ་དང་། 2023ལོའི་ཟླ་5པར་དངོས་སུ་ལས་འགོ་ཚུགས་ཡོད། མིག་སྔའི་བར་ཚང་མ་ལེགས་གྲུབ་ཟིན་ནས་ཤིང་སོན་རྐང་ཁྲི་30.31བཏབ་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181567.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ། /enpproperty-->