ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་དྲུག་པ་དང་ཐེན་ཧའེ་ཚོང་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་ཀྲའོ་ཧུའེ་ཉན་དང་བཅས་པ་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཐེན་ཧའེ་ཚོང་ཁུལ་གྱི་མཐའ་འཁོར་ས་ཁོངས་སུ་ཕེབས་ནས་ལྐོག་བཤེར་བྱས་ཏེ།ཐེན་ཧའེ་ཚོགས་པས་དམངས་ཕན་ཞབས་ཞུའི་གློག་འཁོར་གྱི་གློག་གསོག་བྱ་ཡུལ་བཙུགས་པར་ཁས་ལེན་གནང་བ་དང་ཡུལ་དངོས་སུ་གནས་པའི་གནད་དོན་ཐད་འབྲེལ་ཡོད་སྡེ་ཚན་ཁག་ལ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལྟ་སྐུལ་གཞུང་དོན་ཚོགས་ཆུང་གིས་ཐེན་ཧའེ་ཚོང་ཁུལ་དུ་ཡུན་རིང་གནས་པའི་མེ་ཟོན་བགྲོད་ལམ་བཟུང་བ་དང་། ཚོང་པས་ལམ་བཟུང་ནས་ཚོང་གཉེར་བྱེད་པ། རླངས་འཁོར་འཇོག་དཀའ་བ། རླངས་འཁོར་འཇོག་སྟངས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་སྐོར་གྱི་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་ཆེད་དོན་ཚན་པ་ཁག་གི་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་སྙན་ཞུར་ཉན་པར་མ་ཟད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社