分享按钮

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་་པར་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི”སྐོར་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ལྟ་ཉན་བྱས་རྗེས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་73ཕྱིན་པའི་རིང་། “དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་། ལོ་ངོ་སྟོང་ཕྲག་ལྷག་ཙམ་ལས་བརྒལ་བའི”མི་ཡུལ་གྱི་ངོ་མཚར་གསར་གཏོད་བྱས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“དོན་ཆེན་བཞི”ལ་དམིགས་པ་དང་།“འཛུགས་གཏོད་བཞིའི”ཐད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དམ་འཛིན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་དུས་རབས་གསར་པར་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་ཞིབ་ཕྲ་དང་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ་འཛམ་གླིང་གི་སྐྱེ་བོ་ཀུན་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་འགྱུར་ལྡོག་མངོན་པར་བྱས་པས་མི་རྣམས་ལ་བློ་རྒྱ་བསྐྱེད་པ་དང་སྐུལ་མ་ཐེབས་ཡོད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་ལ་ལྟ་ཉན་བྱས་རྗེས། གམ་པ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་གམ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་མིང་དབྱང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་མིག་སྔར་གམ་པ་རྫོང་གིས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁྱེར་གཉིས”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དེ་གོ་སྐབས་སུ་བྱས་ནས“ཕོད་པ་བཞིའི”སྙིང་སྟོབས་ལག་ལེན་ཤུགས་ཆེན་བསྟར་ཏེ་གམ་པའི་ལུག་གི་ལེགས་ཆའི་ཐོན་ལས་ལ་དམིགས་ནས་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་དང་། ལུག་ཐུག་འདེམས་གསོ། ཚོང་གཉེར་གྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས“ཏང་འཛུགས་སྐྱོང་དང་ལུག་གསོ་མཉམ་ལས་ཁང”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་གཏོང་རྒྱུ་ཡིན་པ་དང་དུས་མཚུངས་སུ་གམ་པ་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”འཐུས་ཚང་དང་འཕེལ་རྒྱས་བཏང་ནས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་ཐད་ཤུགས་སྣོན་བརྒྱབ་ནས་དམངས་ཕྱུག་ཐད་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ཤུགས་གསར་པ་བཅས། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c181568.html 1 སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་་པར་བྱ་དགོས། /enpproperty-->