分享按钮

ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོཊ་ཀྱི་འཐུས་མིའི་ཚོཊ་ཆེན་ཐེངས་གསུམ་པ་མཇུག་འགྲིལ་བ།

ཝང་ཧུའེ་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་24ཉིན། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་བདེ་བླག་ངང་མཇུག་འགྲིལ་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མངགས་བཅོལ་ལྟར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་མཇུག་སྒྲིལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་པའི་འདེམས་བསྐོའི་འབྲས་བུ་སྒྲོག་སྦྱང་བྱས་པ་དང་། 《ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད(འཆར་ཟིན)》ལ་བརྡས་ཐག་བཅད་པ། གསར་དུ་བསྐོ་གཞག་བྱས་པའི་ཀྲུའུ་ཞི་བཀྲ་ཤིས་སྒྲོལ་མས་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས་གསུང་བཤད་གནང་བ་རེད།

ཝང་ཧུའེ་ཡིས་ཐོག་མར་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཚོཊ་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོཊ་པ་དང་གསར་དུ་བདམས་ཐོན་བྱུང་བའི་འགོ་ཁྲིད་ཚན་ཁག་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཝང་ཧུའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྩམ་རིག་སྒྱུ་རྩལ་འཐབ་ཕྱོགས་དང་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་ལས་དོན་པར་རེ་བ་ནན་པོ་དང་བླང་བྱ་གསལ་པོ་བཏོན་ཡོད། གྲོང་ཁྱེར་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་འཐབ་ཕྱོཊ་དང་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་ལས་དོན་པས་གྲོང་ཨུད་ཀྱི་སེམས་ཁུར་དང་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་ཧྲུའུ་ཅིའི་སེམས་ཁུར་དང་གཅེས་སྐྱོང་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས་དེ་བས་ཕུན་སུམ་ཚོཊ་པའི་རྣམ་པ་དང་། དེ་བས་ཟབ་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་པ། དེ་བས་ཕུལ་བྱུང་གི་བརྩམས་ཆོས་བཅས་ཀྱི་ཐོག་ནས་གྲོང་ཨུད་དང་ཧྲུའུ་ཅིར་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།

ཝང་ཧུའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་ལས་དོན་པས་བསམ་པའི་དར་ཆ་མཐོན་པོར་སྒྲེང་བ་དང་འགན་འཁྲི་དང་ལས་འགན་ཁུར་ཏེ་ཁ་ཕྱོཊ་སྟངས་འཛིན་དང་། ཁྱོན་ཡོངས་དང་མཉམ་འདྲེས། དར་སྲོལ་ལ་སྣེ་ཁྲིད་བཅས་བྱེད་དགོས་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་ཡང་རྩེར་འཛེགས་ནས་རྩོམ་རིག་སྒྱུ་རྩལ་གྱི་བྱས་རྗེས་མངོན་པར་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེཊ་ཞུ་བའི་འགན་འཁྲི་ལག་བསྟར་བྱེད་པ། གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་གཉིས་གཏོད་རྩ་དོན་བརྟན་སྲུང་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུཊ་སྣོན་རྒྱག་པ་དང་ཕྱོཊ་ཁག་གི་མཉམ་ཤུགས་ལ་དམིགས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུར་འགྲིལ་ཤུཊ། བསམ་པའི་སྒུལ་ཤུཊ་ཆེན་པོ་བཅས་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 ཝང་ཧུའེ་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181555.html 1 ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོཊ་ཀྱི་འཐུས་མིའི་ཚོཊ་ཆེན་ཐེངས་གསུམ་པ་མཇུག་འགྲིལ་བ། /enpproperty-->