分享按钮

(པར་ངོས་དང་པོར་མཐུད)ཡུལ་སྐོར་གྱི་རྫོགས་ལྡན་དུས་བཟང་དམ་འཛིན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ལས་དོན་ཁག་གི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཚད་མཐོའི་མཐོང་ཆེན་བྱེད་དགོས་པ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་གནད་དོན་ཡང་དག་འཚོལ་བ་དང་དམིགས་བྱར་བྱ་ཐབས་སྤྱད་དེ་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལས་ཀའི་མཉམ་ཤུགས་མགྱོགས་མྱུར་ཆགས་པར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་ཏན་ཏིག་ངང་སྤེལ་དགོས།

སྒྲིག་སྲོལ་དང་ལམ་ལུགས་འཛུགས་དགོས། གྲོང་ཁྱེར་རིམ་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་དང་། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ལས་འགན་ལས་བགོས་ཁ་གསལ་བཟོ་བ། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་ལས་རིགས་དང་གྲོང་ཁྱེར་དོ་དམ་སོགས་གཙོ་གནད་ལས་ཀར་གཅིག་གྱུར་དམ་འཛིན་ཡག་པོ་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

ཁྲིམས་ལྟར་ཚད་ལྡན་དུ་གཏོང་དགོས། ཡུལ་སྐོར་ཁྲོམ་རའི་ཟང་ཟིང་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་དང་། བདལ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་གྱི་ལས་རིགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་རིགས་ཀྱི་དྲང་ནུས་ཆགས་པར་བྱས་ནས་བདལ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་ལྷ་སའི་ཡུལ་སྐོར་དྲིལ་བསྒྲགས་པ་དང་འོས་སྦྱོར་བྱེད་མཁན་དུ་འགྱུར་བར་བྱེད་དགོས། གཏན་འབེབས་ཀྱི་བྱ་སྤྱོད་དང་འདུ་ཤེས་ཞབས་ཞུ་གལ་ཆེ་མཉམ་འཛིན་གྱིས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་ལས་རིགས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག་ཞབས་ཞུའི་སྤུས་ཚད་འགན་ལེན་དང་ཡུལ་སྐོར་བའི་ཉམས་ལེན་རྒྱུན་མཐུད་ལེགས་སུ་གཏོང་དགོས།

འགན་འཁྲི་ནན་དུ་གཏོང་དགོས། རིམ་ཁག་ཚན་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འགན་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། རང་འགན་རང་འཁུར་བཅས་བྱས་ཏེ་ལས་དོན་ཁག་ཞིབ་ཅིང་ཕྲ་བའི་སྒོ་ནས་དམ་འཛིན་དང་དམ་འཛིན་མཐར་ཕྱིན་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་རིགས་ལ་དོ་དམ་དང་ཁྲོམ་རར་དོ་དམ་ཡག་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་བྱ་སྤྱོད་ཁྲོད་འགན་འཛོལ་དང་འགན་འཁྲི་ཇི་བཞིན་མི་བྱེད་པ་དང་། འགལ་རྐྱེན་གཞན་དཀྲི། ལས་ཀ་མི་བྱེད་པ་བཅས་ཀྱི་ལས་བྱེད་པར་དག་ཐེར་ནན་པོ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་རྒྱ་ཁྱབ་ངང་སྐོང་འཐེན་དང་སྐུལ་སློང་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་དྲང་ནུས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་བཅས་ཀྱི་ནན་གསུངས་གནང་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 6 6 拉萨日报藏文 c181554.html 1 /enpproperty-->