(པར་ངོས་དང་པོར་མཐུད)རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་མུན་ཁུལ་གཅིག་ཀྱང་མི་ལུས་པར་བྱས་ཏེ་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ་དང་།འགྲོ་ལམ་གཙང་བ། ཆུ་མོ་དྭངས་ཞིང་རི་བོ་སྔོ་བ་བཅས་རྒྱུན་གཏན་གྱི་རྣམ་པར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་རིག་གནས་བློ་གསར་གླིང་གི་ལས་བྱེད་པ་དང་ལས་བཟོ་བ་ཚོས་ཕྱིས་འབྱུང་རང་ཉིད་ཀྱི་ལས་འགན་དང་ཟུང་འབྲེལ་བྱས་ནས་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་རྒྱག་རྒྱུ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་ནན་པོ་བྱས་ཏེ་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བོད་ཀྱིས་ལག་ལེན་དུ་བསྟར་བའི་ལེའུ་གསར་པ་རྩོམ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社