ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲཊ་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དུས་རབས་གསར་པའི་བོད་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་བརྟན་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བྱས་ཏེ།རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བ་དང་།འབྲེལ་ཡོད་མི་སྣས་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད། བོད་ལྗོངས་རིག་གནས་བློ་གསར་གླིང་གི་ལས་བྱེད་པ་དང་ལས་བཟོ་བས་ཐད་གཏོང་ལ་བལྟས་ཡོད།
བོད་ལྗོངས་རིག་གནས་བློ་གསར་གླིང་རྒྱལ་ཁབ་ས་ཆ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པ་ཝང་ཙི་ལུང་གིས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་ཞིག་ཡིན་པའི་ངོས་ནས་ང་ཚོས་འབྱུང་འཕྲོད་ཡུལ་སྐོར་གྱི་ལམ་ཐིག་ལ་དམ་འཛིན་གྱིས་ཡུན་ཐེན་མཚེའུ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་གླིང་ཁུལ་གྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社