分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ཁྲེན་ཅིང་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་།གནད་དོན་ཐག་གཅོད་ཀྱི་ཞན་ཆར་ཞིབ་འཇུག་གནང་བ། རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་འདུ་ཤེས་ཆེན་པོ་ལྔ་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་ལྔའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་ཀྱི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་དང་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་སྐོར་ཁྲོམ་རའི་དཀའ་གནད་བཅོས་སྒྲིག་ནན་པོ་བྱས་ནས་དེ་བས་སྤུས་ལེགས་དང་དེ་བས་ཚད་ལྡན་གྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་བཏོད་ཐོག་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་། ཝང་ཧུའེ། ལི་ཅང་ཤིན། ཀྲང་ཁྲུན་དབྱང་། པ་སངས་རྡོ་རྗེ། ཀའོ་ཅུན། པདྨ་མ་གཡུ་སྒྲོན་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་བོགས་གཏོང་དང་། ཡུལ་སྐོར་གྱི་ཉོ་སྒྲུབ། ཡུལ་སྐོར་ལས་གཉེར་བའི་དོ་དམ་སོགས་ཀྱི་གནས་ཚུལ་སྙན་ཞུ་གསན་པ་དང་ལྷག་པའི་གནད་དོན་ལ་རེ་རེ་བཞིན་དུ་ཞིབ་འཇུག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་དང་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་གྲོང་ཁྱེར་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 ཁྲེན་ཅིང་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181548.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->