分享按钮

ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས།

སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་རྩོམ་དགོས་པའི་ནན་གསུངས་གནང་བ།

ཚའེ་ཆི་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ།

ཟླ་5ཚེས་22ནས་24ཉིན་བར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་ཞིང་།པར་འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་རི་ཀྲའོ་གྲོང་ཁྱེར་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་ལམ་དུ་གྲོང་མི་དང་ཡུལ་སྐོར་བར་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པའི་གནས་ཚུལ་ཡིན་པ།

ཟླ་5ཚེས་22ནས་24ཉིན་བར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་ཞིང་།པར་འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་རི་ཀྲའོ་གྲུ་ཁའི་ཚན་རྩལ་ལས་དོན་པ་དང་།གཉེར་སྐྱོང་བ།མཚོ་ཐོག་སྐྱེལ་འདྲེན་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས་ནན་གསུངས་གནང་དོན།ཧྲན་ཏུང་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་གནས་བབ་ཡག་པོ་གཏན་འཁེལ་བྱེད་པ་དང་འགན་འཁྲི་ལྕི་པོ་འཁུར་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་འདྲེས་བྱ་རྒྱུའི་ཐད་མུ་མཐུད་མདུན་དུ་བསྐྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་མདུན་དུ་བསྐྱོད་པ།རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་དུ་བསྐྱོད་པ།འབྱུང་འཕྲོད་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་གཏོད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་རྩོམ་དགོས།

ཟླ་5ཚེས་22ནས་ཚེས་24ཉིན་བར།ཧྲན་ཏུང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་རི་ཀྲའོ་དང་ཅི་ནན་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད།

ཚེས་22ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་དང་ཐོག་རི་ཀྲའོ་གྲུ་ཁར་རྟོག་ཞིབ་གནང་བར་ཕེབས་ཤིང་།རི་ཀྲའོ་གྲུ་ཁ་ནི་ནུས་རྒྱུ་དང་རྒྱུ་ཆ་འབོར་ཆེན་བརྒྱུད་གཏོང་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་།ཉེ་བའི་ལོ་ཤས་རིང་རིག་ནུས་ཅན་དང་འབྱུང་འཕྲོད་ཅན་ལ་སྐུལ་འདེད་བཏང་ནས་དབྱེའི་རྣམ་པའི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་གྱི་གྲུ་ཁ་འཕེལ་རྒྱས་འཛུགས་སྐྲུན་དང་རི་ཀྲའོ་གྲུ་ཁའི་འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ།རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁའི་ལས་སྒྲུབ་རྣམ་པར་གཟིགས་ཞིབ་ཀྱང་གནང་བ་རེད།ཁོང་གིས་རི་ཀྲའོ་གྲུ་ཁ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་གསར་དུ་བསྐྲུན་པའི་གྲུ་ཁ་ཞིག་ཡིན་པ་དང་།ཉེ་བའི་ལོ་ཤས་རིང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྲུ་ཁ་དེང་རབས་ཅན་གྱི་གྲུ་ཁ་རུ་སྒྱུར་བཀོད་རིམ་སྤོར་བྱས་པས།དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་མ་ཟད།སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བརྒྱུད་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ཡང་བསགས་ཡོད་པས་ཁས་ལེན་བྱེད་འོས་པ་ཞིག་རེད་ཅེས་གསུངས་པ་རེད།ཞི་ཅིན་ཕིང་གིས་གྲུ་ཁའི་ཚན་རྩལ་ལས་དོན་པ་དང་།གཉེར་སྐྱོང་བ།མཚོ་ཐོག་སྐྱེལ་འདྲེན་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་།ཚང་མས་ཡང་འབད་བསྐྱར་འབད་བརྩོན་བྱས་ནས་རི་ཀྲའོ་གྲུ་ཁའི་དོ་དམ་གཉེར་སྐྱོང་སྔར་བས་རིམ་པ་གཅིག་གི་ཐོག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་རི་ཀྲའོ་གྲོང་ཁྱེར་གྱི་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་ལམ་ལ་རྟོག་ཞིབ་གནང་བ་རེད།ཉེ་བའི་ལོ་ཤས་རིང་།རི་ཀྲའོ་གྲོང་ཁྱེར་གྱིས་མཚོ་རྒྱུད་ཀྱི་དམར་རྗེན་ས་ཆ་དང་དེ་བཞིན་མཚོ་འགྲམ་གྱི་སྐྱོན་ཤོར་བའི་ས་ཆའི་འབྱུང་ཁམས་ཉམས་གསོ་བྱས་པ་དང་།སྤྱི་ལེ་28ཙམ་ཡོད་པའི་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་ལམ་བསྐྲུན་ནས་གྲོང་མི་དང་ཡུལ་སྐོར་བར་ལུས་རྩལ་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།ཞི་ཅིན་ཕིང་གིས་ལྗང་མདོག་ལམ་ཧྲིལ་པོ་འཛུགས་སྐྲུན་བྱས་ཚུལ་གྱི་ངོ་སྤྲོད་གསན་པ་དང་།ཉམས་གསོ་བཅོས་སྐྱོང་བྱས་རྗེས་ཀྱི་མཚོ་འགྲམ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་ལ་ལྟ་ཞིབ་དང་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་སྟངས་དང་ཕན་འབྲས་ཐད་མཁྱེན་རྟོགས་གནང་བར་མ་ཟད།གྲོང་མི་དང་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད།ཁོང་གིས་ལྗང་མདོག་ལམ་བསྐྲུན་རྒྱུ་དེ་གྲོང་མིའི་དགོས་མཁོ་དང་འཚམ་པ་ཞིག་ཡིན་པ་དང་།དམངས་སེམས་ཐོབ་པའི་བྱ་བ་ཞིག་ཀྱང་རེད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 ཚའེ་ཆི་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ། ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས། 6 6 拉萨日报藏文 c181550.html 1 སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་རྩོམ་དགོས་པའི་ནན་གསུངས་གནང་བ། /enpproperty-->