(པར་ངོས་དང་པོར་མཐུད)རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་མི་རིཊ་ཁག་གི་མང་ཚོཊ་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཡིག་བསྐུར་ངོ་བཅར་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་ལམ་དུ་འགྲོ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “ཁྲིམས་སྐྱོང་ཅན་ལྔ”གཙོ་གནད་དུ་བཟུང་ནས་འཕྲེད་ཕྱོགས་ནས་མཐའ་བར་དང་། གཞུང་ཕྱོགས་ནས་མཐིལ་བར། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཁྲིམས་སྐྱོང་ཅན་གྱི་ལས་ཀའི་མ་ལག་བཏོད་ནས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་དེ་ཁྲིམས་ལྟར་ཚད་ལྡན་ངང་སྤེལ་བ་དང་ཡིག་བསྐུར་ངོ་བཅར་གྱི་གནད་དོན་སྒྲིག་སྲོལ་ལྟར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་མ་ལག་དང་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་ནད་གཞི་དང་བསྟུན་ནས་སྨན་སྦྱོར་དང་གནད་ལ་འཁེལ་བའི་སྒོ་ནས་སྨན་བཅོས་བྱེད་དགོས་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ནུས་པ་དང་། སྐྱོབ་བཅོས་རོགས་སྐྱོབ་ཀྱི་ནུས་པ། སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་བཅས་ཀྱི་ཞན་ཆ་གསབ་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཏང་སྲིད་འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་ན་གཞོན་ལས་བྱེད་པར་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱེད་པའི་ལས་དོན་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ནུས་པ་ལྡན་པའི་སྒོ་ནས་ལས་བྱེད་པ་སྤྱོད་པ་དང་། བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པ་སྒྱུར་བཅོས་ཀྱི་མདུན་གྲལ་དང་། བརྟན་ལྷིང་གི་འཐབ་ཕྱོགས་དང་པོ། འཕེལ་རྒྱས་གྱི་གཡུལ་ས་གཙོ་བོར་བཅས་སུ་སླེབས་པར་བྱེད་དགོས་པ་དང་། ལས་བྱེད་པ་ཕུལ་བྱུང་འོས་འཚམ་གྱི་ལས་གནས་ཐོག་བཞག་སྟེ། འགོ་ཁྲིད་ཚན་པ་བཀོད་སྒྲིག་ཡག་པོ་དང་ཕུལ་བྱུང་ལས་བྱེད་པ་བེད་སྤྱོད་ཡག་པོ་བྱས་ནས་ན་གཞོན་ལས་བྱེད་པ་གསོ་སྐྱོང་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་བྱེད་པ་དང་། སྲོལ་ཡིག་ལ་སློབ་སྦྱོང་ཏན་ཏིག་བྱས་ཏེ་ཆེད་དོན་བགྲོ་གླེང་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ཏང་གི་སློབ་ཚན་འཁྲིད་པའི་བྱེད་སྒོ་ཏན་ཏིག་སྤེལ་དགོས། དུས་མཚུངས་སུ་དཔེ་མཚོན་ལྡན་པའི་བྱེད་སྟངས་སྔོག་འདོན་ཡག་པོ་དང་། ཕྱོཊ་བསྡོམས་ཡག་པོ། དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་ས་ཁག་གཅིག་ཧུར་ཐག་བཏོད་ནས་རང་གྲོང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་ཁྱོན་ཡོངས་ལས་དོན་ཁྲོད་ཀྱི་གོ་གནས་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དམ་འཛིན་བྱ་རྒྱུ་ནི་རང་འགན་ཡིན་པ་དང་། དམ་འཛིན་མ་བྱས་ན་ལས་འཛོལ་དང་དམ་འཛིན་ཡག་པོ་མ་བྱས་ན་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། རིམ་པས་རིམ་པར་དམ་འཛིན་དང་དོན་འཁྱོལ་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་དབང་ཆ་དམ་པོར་བཟུང་ནས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བལྟོས་མེད་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社