分享按钮

མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཐུན་མོང་དུ་འབད་བརྩོན་བྱེད་དགོས་ཞེེས་འབོད་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཁ་ན་ཏའི་མོང་ཐེ་ལིར་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་ཏེ་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་དབར་གྱི་རྩ་འཛུགས། དེ་བཞིན《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་མཐོ་རིམ་འཐུས་མི་བཅས་ཀྱིས་ཐུན་མོང་དུ་འབོད་སྐུལ་བྱས་ཏེ། ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཚང་མར་ལས་དོན་སྤེལ་ནས“ཁུན་མིང—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཤད་པ་རེད།

ད་ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོའི་གཙོ་དོན་ནི“ང་ཚོ་ཚང་མས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད”ཅེས་པ་དེ་ཡིན་ཞིང་། 2022ལོའི་ཟླ་12པར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཁག་གིས“ཁུན་མིང—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིར”(“སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འཆར་གཞི”ཡང་ཟེར)གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད།གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཡང་འཆར་གཞི་གསར་པ་ཞིག་བཟོས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་གསུངས་དོན། སྐྱེ་དངོས་སྣ་མང་རང་བཞིན་ཉམས་ཞན་དུ་ཚབས་ཆེན་ཕྱིན་པ་དེས་ད་ཆའི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་མ་ཟད། འབྱུང་འགྱུར་ལ་མངོན་མེད་གྱི་རྐྱེན་ངན་ཡང་བཟོས་ཡོད། “ཁུན་མིང—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”ཡིས་ཐབས་ལམ་ཞིག་མཁོ་འདོན་བྱས་པས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་ཞན་དུ་འགྲོ་ཚུལ་གྱི་ཁ་ལོ་གཅུ་ཐུབ་ཅིང་། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་ཐུབ་པར་མ་ཟད། ལས་གནས་གཏོད་ཤུགས་ཆེ་རུ་དང་མཉེན་ཆ་དོད་དུ་ཕྱིན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།

ཀུའུ་ཐེ་ལེ་སིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས་ཞེས་དང་། ང་ཚོ་ཚང་མས་ཀྱང་ནུས་པ་འདོན་དགོས་ངེས་རེད་ཅེས་གསུངས་ཤིང་། ཁོང་གིས་སྤྱི་ཚོཊ་ལས་རིཊ་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་མཐོང་ཆེན་དང་། སྲུང་སྐྱོང་། སླར་གསོ་བཅས་བྱེད་དགོས་པ་དང་། མི་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་དྲུང་ཡིག་ཁྲུའུ་ཡི་ལས་ཚབ་ལག་བསྟར་དྲུང་ཡིག་ཏའེ་ཝུའེ·ཁུའུ་པོས་གསུངས་དོན། “སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འཆར་གཞི”ནི་མིའི་རིགས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་སྐྱེལ་མཚམས་བཞག་ནས་ཉམས་ཞན་དུ་འགྲོ་ཚུལ་གྱི་ཁ་ལོ་གཅུས་ཏེ། རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་ཐུབ་པའི་འཆར་གཞི་ཡག་པོ་ཞིག་ཡིན་པས། མི་ཚང་མས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ལག་ལེན་དངོས་ནང་ཞུགས་དགོས།

ཀྲུང་གོ་དང་། ཨེ་ཅིབ། ཉི་ཧོང་། བྷང་ག་ལ་སོཊ་རྒྱལ་ཁབ་དང་། དེ་བཞིན་སྲིད་གཞུང་དབར་གྱི་རྩ་འཛུགས་ཀྱི་མཐོ་རིམ་འཐུས་མིས་ཀྱང་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ་རང་བྱུང་སླར་གསོའི་ལམ་བུར་བསྐྱོད་དེ་མིའི་རིགས་དང་སའི་གོ་ལར་བདེ་སྐྱིད་བསྐྲུན་དགོས་ཞེས་འབོད་སྐུལ་གནང་བ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181481.html 1 མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཐུན་མོང་དུ་འབད་བརྩོན་བྱེད་དགོས་ཞེེས་འབོད་སྐུལ་བྱས་པ། /enpproperty-->