(པར་ངོས་གཉིས་པར་མཐུད)རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཁེ་ལས་དང་མང་ཚོཊ་ལ་རིན་མེད་ངང་རྒྱ་བོད་ལོ་ཙཱའི་ཞབས་ཞུ་སྒྲུབ་ཀྱི་ཡོད། དེའི་ནང་བརྡ་ཁྱབ་སྦྱར་ཡིག་དང་། འཕྲེད་འགེལ་སྦྱར་ཡིག གསལ་བཤད་སྣ་ཚོཊ་སོགས་ཚུད་ཡོད། ད་ཐེངས་ཀྱི་ལོ་ཙཱའི་གསོ་སྦྱོང་གིས་ང་ཚོས་ལོ་ཙཱའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ང་ཚོའི་ལོ་ཙཱའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ཁེ་ལས་དང་མང་ཚོགས་ལ་གནད་ལ་འཁེལ་བ་དང་། ནུས་པ་ཆེ་བ། ཆེད་ལས་བཅས་ཀྱི་ལོ་ཙཱའི་ཞབས་ཞུ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།
ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཡུན་ཉིན་བདུན་ཡིན་ཞིང་། གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་སྤེལ་རེས་ཁྲོད་འགན་འཁྲི་སྔར་བས་བརྟན་དུ་ཕྱིན་པ་དང་། རང་ངོས་ཀྱི་ཁ་ཕྱོགས་ཏན་ཏིག་བཙལ་ཏེ། རྒྱ་བོད་སྐད་གཉིས་ལོ་ཙཱའི་ནུས་པ་ཆེ་རུ་བཏང་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་དེ་བས་ལེགས་པ་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་འོག རང་གྲོང་གིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་།མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཐོག མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社