ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཆར་ཆུ་འབུད་པའི་མ་ལག་ནི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གྲོང་མི་ཚོའི་འཚོ་བའི་སྤུས་ཚད་དང་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལ་ཐད་ཀར་འབྲེལ་བ་ཡོད། ཉེ་ཆར། གསར་འགོད་པས་ཅང་སུའུ་ལམ་དུ་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྱུར་བཀོད་རིམ་སྤོར(གྲོང་ཁུལ་གྱི་ཆར་ཆུ་འབུད་པའི་མ་ལག་ལེཊ་སུ་གཏོང་བ)ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་ཤེས་རྟོཊ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨར་ལས་སྡེ་ཚན་གྱིས་ཟླ་5ཚེས་20ཉིན་ནས་བཟུང་། ཅང་སུའུ་ལམ(མཁར་རྔ་གདོང་ལྷོ་ལམ་ནས་གླིང་སྐོར་ཤར་ལམ)དུ་ཕྱོགས་གཉིས་ཀྱི་ཨར་ལས་བྱེད་འགོ་ཚུགས་ཡོད། ཨར་ལས་ཀྱི་དུས་ཚོད་ནི་ཟླ་5ཚེས་20ཉིན་ནས་ཟླ་7ཚེས་25ཉིན་བར་ཡིན་པ་དང་། ཨར་ལས་བྱེད་རིང་ལམ་དུམ་དེར་དུས་མཚམས་དབྱེ་ནས་ར་བ་བསྐོར་རྒྱུ་མ་ཟད། ཆུ་ཚོད་24ཡི་ནང་ལས་ཀ་བྱ་རྒྱུ་ཡིན་པ་རེད། དེའི་རིང་ཅང་སུའུ་ལམ(མཁར་རྔ་གདོང་ལྷོ་ལམ་ནས་གླིང་སྐོར་ཤར་ལམ)གྱི་ཨར་ལས་ལམ་བུའི་ལྷོ་བྱང་ཕྱོགས་གཉིས་ཀྱི་འཁོར་ལམ་4རྒྱུན་གཏན་ལྟར་ཤར་གཏོང་བྱ་རྒྱུ་དང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཀྱང་འགྲིམ་འགྲུལ་སྣེ་ཁྲིད་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་མིའི་འགྲོ་སྐྱོད་ཀྱི་བདེ་འཇཊ་ཐད་འགན་ལེན་བྱ་རྒྱུ་ཡིན་པ་རེད།
འགྲིམ་འགྲུལ་ཡན་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་རིམ་པ་བཞི་པའི་ཉེན་རྟོག་དཔོན་ཀྲའོ་ཙེ་ཧུའེ་ཡིས་དུས་མགོར་རང་གྲོང་གིས་ཆུ་འབུད་མ་ལག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་འགྲིམ་འགྲུལ་བཀག་སྡོམ་གྱི་སྤྱི་བསྒྲགས་གཉིས་ཁྱབ་བསྒྲགས་བྱ་ཡུལ་གཙོ་བོ་དེ་ཅང་སུའུ་ལམ་དང་པེ་ཅིང་དབུས་ལམ་དུ་ཡིན། གྲོང་མི་རྣམས་ཀྱིས་འགྲོ་འོང་བྱེད་སྐབས་ལམ་ཐིག་དེ་དག་ལས་གཡོལ་གང་ཐུབ་བྱེད་དགོས་པ་དང་། གལ་ཏེ་ལམ་དེར་བསྐྱོད་དགོས་ཚེ་ཁ་ལོ་བ་དང་གྲོགས་པོ་རྣམས་ཀྱིས་ཕན་ཚུན་གུས་ཞབས་ངང་རིམ་པ་བཞིན་དལ་བུར་འགྲོ་སྐྱོད་བྱེད་དགོས། ཨར་ལས་ལམ་དུམ་ནང་ང་ཚོའི་ཡན་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་ཁག་ལ་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས་ལམ་མདོ་རུ་འགྲིམ་འགྲུལ་ཁྲིད་སྟོན་བྱས་ཏེ། གྲོང་མི་ཚོར་བདེ་འཇགས་དང་། ཤར་གཏོང་། གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ཞེས་བཤད།
དེ་དང་ཆབས་ཅིག་ཨར་ལས་ཚན་པས་ཨར་ལས་འཆར་གཞི་གཞིར་བཟུང་། ལས་ཀ་ནན་པོ་བྱས་ནས་ཨར་ལས་ཀྱི་སྤུས་ཚད་དང་མྱུར་ཚད་ཐད་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པ་ཚོགས་པའི་དོ་དམ་ཚོགས་ཆུང་གི་སྤྱི་གཉེར་ཞུས་ཁྲུང་གིས་ཨར་ལས་ལམ་དུམ་ཚང་མར་ང་ཚོས་བདེ་འཇགས་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲིད་སྟོན་བྱ་རྒྱུ་ཡིན་ལ། དུས་བཀག་ལྟར་ཨར་ལས་ལེགས་གྲུབ་གང་ཐུབ་ཀྱིས་ཨར་ལས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་ཚོས་རྒྱབ་སྐྱོར་དང་བསམ་ཤེས་གང་ལེགས་གནང་རོགས་ཞུ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社