分享按钮

“བོད་རང་སྐྱོང་ལྗོངས་ཀྱི་ལྷད་མེད་བཟའ་བཏུང་ཁེ་ལས”ཁག་དང་པོའི་མིང་བྱང་སྤྲད་པ།

རང་གྲོང་གི་ཁེ་ལས་27མིང་ཐོའི་ནང་ཚུད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་“བོད་རང་སྐྱོང་ལྗོངས་ཀྱི་ལྷད་མེད་བཟའ་བཏུང་ཁེ་ལས”ཁག་དང་པོའི་མིང་བྱང་སྤྲོད་པའི་མཛད་སྒོ་དང་།“ཀྲུང་ཧྭའི་ཟས་མཆོག བོད་ལྗོངས་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་འགྲན་བསྡུར་ཆེན་མོའི་འགོ་ཚུགས་མཛད་སྒོ་ཁྲེང་ཀོན་ཝན་ཏཱ་ཐང་ཆེན་དུ་འཚོགས་པ་རེད།

མཛད་སྒོའི་ཐོག “བོད་རང་སྐྱོང་ལྗོངས་ཀྱི་ལྷད་མེད་བཟའ་བཏུང་ཁེ་ལས”ཁག་དང་པོའི་མཚན་སྙན་ཐོབ་པའི་ཁེ་ལས་35ལ་མིང་བྱང་སྤྲད་པ་དང་།དེའི་ནང་ནས་ཁེ་ལས་27ནི་རང་གྲོང་གི་བཟའ་བཏུང་ཁེ་ལས་ཡིན། ཚང་མས་ད་ཐེངས་ཀྱི་མིང་བྱང་སྤྲད་པ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ལྷད་མེད་བཟའ་བཏུང་གི་ལག་ལེན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།ཞབས་ཞུ་དང་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འཛད་སྤྱོད་པར་སྤུས་ལེགས་དང་ལྷད་མེད་ཀྱི་བཟའ་བཏུང་དེ་བས་ལེགས་པ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་།ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་ལས་རིགས་མཐུན་ཚོགས་ཀྱིས་པེ་ཅིང་སན་ཁོའི་དྲ་ཐོག་ཚན་རྩལ་ཚད་ཡོད་ཀུང་སི(མེ་ཐོན)དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་སྦྲགས། 《ལྷ་སའི་ཡུལ་སྐོར་ཟས་མཆོག་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 “བོད་རང་སྐྱོང་ལྗོངས་ཀྱི་ལྷད་མེད་བཟའ་བཏུང་ཁེ་ལས”ཁག་དང་པོའི་མིང་བྱང་སྤྲད་པ། 6 6 拉萨日报藏文 c181474.html 1 རང་གྲོང་གི་ཁེ་ལས་27མིང་ཐོའི་ནང་ཚུད་པ། /enpproperty-->