分享按钮

སྟག་རྩེ་ཆུས་ཀྱིས“ཏང་གི་སློབ་ཚན་ངས་ཁྲིད”ཅེས་པའི་ཕུལ་བྱུང་གི་སློབ་ཐུན་གཅིག་གདམ་གསེས་བྱེད་པའི་འགྲན་བསྡུར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པ་དང་ཏང་གི་ཚོཊ་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དེ་བཞིན་སྟག་རྩེ་ཆུས་ཨུད་ཏང་གི་སློབ་གྲྭས་མཉམ་འགུལ་རྣམ་པའི་ཐོག་ནས་ཏང་ཡོན་གྱི་སློབ་གསོ་འཚོལ་ཞིབ་ཧུར་ཐག་བྱ་ཆེད། ཉེ་ཆར། སྟག་རྩེ་ཆུས་ཨུད་རྩ་འཛུགས་པུའུ་དང་སྟག་རྩེ་ཆུས་ཨུད་དྲིལ་བསྒྲཊ་པུས་མཉམ་འབྲེལ་ཐོག་སྟག་རྩེ་ཆུས་ཀྱི་2024ལོའི“འབྱུང་རྩ་གཙང་བཟོ། བློ་དཀར་བདེན་ཕྱོཊ”ཞེས་པ་དང“ཏང་གི་སློབ་ཚན་ངས་ཁྲིད”ཅེས་པའི་ཕུལ་བྱུང་གི་སློབ་ཐུན་གཅིག་གདམ་གསེས་བྱེད་པའི་འགྲན་བསྡུར་གཉེར་བ་རེད།

དུས་འགོར་འོས་སྦྱོར་དང་གདམ་གསེས་བྱས་པ་བརྒྱུད་བདམས་ཐོན་པ་12མཐའ་བསྡུར་ནང་ཞུགས་ཐུབ་པ་རེད། མཐའ་བསྡུར་ནང་བདམས་ཐོན་པ་ཚོས“འབྱུང་རྩ་གཙང་བཟོ། བློ་དཀར་བདེན་ཕྱོཊ”ཞེས་པའི་གཙོ་དོན་ལ་དམ་པོར་དམིགས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ།རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས“བཅད་ཁ་ཆུང་ངུ”ནས“གཙོ་དོན་ཆེན་མོ”མངོན་པ་དང“གཏམ་རྒྱུད་ཆུང་ངུ”སྤྱད་དེ“གནས་ལུགས་ཆེན་པོ”བཤད་པས་ཡུལ་དངོས་ཀྱི་ལྟད་མོ་བའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོའི་ནང་ཏང་ཡོན་ལས་བྱེད་པ་ཚང་མ་ཁྲིད་སྟེགས་ཐོག་བསྐྱོད་དེ་བསམ་བློ་དང་།ངོས་འཛིན།བྱ་སྤྱོད་བཅས་ལ་སྣང་ཆེན་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་།སློབ་སྦྱོང་ལ་བརྟེན་ནས་བསམ་གཞིཊ་ལ་སྐུལ་འདེད།བསམ་གཞིགས་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་བཅས་བཏང་སྟེ་མཉམ་འགུལ་སློབ་སྦྱོང་ཁྲོད་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་ནུས་པ་དང་བྱང་ཚད་མཐོ་རུ་བཏང་ཡོད།ཚང་མས་ཐེངས་འདིའི་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་།ལས་གཅེས་ལས་བཀུར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་དུ་བསྟར་བ་དང་།འགན་འཁྲི་འཁུར་རྒྱུ་དེ་ཏང་དར་ལ་གཟི་བརྗིད་སྦྱིན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

སྟག་རྩེ་ཆུས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ལི་པོ་ལིན་གྱིས“ཏང་གི་སློབ་ཚན་ངས་ཁྲིད”ཅེས་པའི་ཕུལ་བྱུང་གི་སློབ་ཐུན་གཅིག་གདམ་གསེས་བྱེད་པའི་འགྲན་བསྡུར་གཉེར་བ་ནི་སྟག་རྩེ་ཆུས་ཀྱི“འབྱུང་རྩ་གཙང་བཟོ། བློ་དཀར་བདེན་ཕྱོགས”ཞེས་པའི་ཏང་ཡོན་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད།སྟག་རྩེ་ཆུས་ཨུད་ཏང་གི་སློབ་གྲྭའི་སློབ་གསོ་གསོ་སྦྱོང་གི་གྲུབ་འབྲས་ལེགས་སུ་གཏིང་བ་ཞིག་ཀྱང་རེད།ཕྱིས་འབྱུང་། ང་ཚོས་གཅིག་སྡུད་གསོ་སྦྱོང་དང་ཕྱིར་སློབ་སྦྱོང་བྱེད་པར་སྐྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཕུལ་བྱུང་བདམས་ཐོན་པ་གསོ་སྐྱོང་བྱ་རྒྱུ་དང་སྦྲགས། ཁོང་ཚོ་ཏང་གི་སློབ་གྲྭའི་གཅིག་ལྕོགས་དགེ་རྒན་དུ་གདན་དྲངས་ནས་ཁོང་ཚོ་མཚན་མོའི་སློབ་གྲྭ་དང་འཛིན་གྲྭ་གཙོ་བོར་སློབ་ཁྲིད་བྱེད་པར་གདན་དྲངས་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་གསོར་གདུབ་ཟུམ་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181476.html 1 སྟག་རྩེ་ཆུས་ཀྱིས“ཏང་གི་སློབ་ཚན་ངས་ཁྲིད”ཅེས་པའི་ཕུལ་བྱུང་གི་སློབ་ཐུན་གཅིག་གདམ་གསེས་བྱེད་པའི་འགྲན་བསྡུར་གཉེར་བ། /enpproperty-->