(པར་ངོས་དང་པོར་མཐུད)དེ་གར་ཉར་ཚགས་དངོས་པོ་སྟོང་ཕྲག་ལྷག་ཡོད་ལ། ད་བར་སྒོ་ཕྱེ་ནས་ལོ་ངོ་10འཁོར་ཡོད་པ་རེད། ཤའོ་ཡིའུ་ཚའེ་སྔ་རྗེས་སུ་རྟེན་མཛོད་གླིང་གི་ཚོམས་ཆེན་དང་། འབྲི་གཡག་གི་དྲིན་དྲན་ཚོམས་ཆེན། འབྲི་གཡག་རྒྱུས་ལོན་ཚོམས་ཆེན། རིག་གནས་གསར་གཏོད་ཐོན་རྫས་ལྟེ་གནས་བཅས་སུ་ཕེབས་ཏེ་རྟེན་རྫས་བཤམས་མཛོད་ཁང་ནང་གི་འགྲེམས་སྟོན་དང་།གཉེར་སྐྱོང་བྱེད་སྟངས། རྗེས་མཐུད་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ངང་གཟིགས་ཞིབ་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ་ལྷ་སའི་གཟུགས་བརྙན་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་པས། གཉེར་སྐྱོང་དོ་དམ་ལ་ཤུཊ་སྣོན་བརྒྱབ་སྟེ་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་ཉར་ཚགས་རིག་དངོས་ཞལ་འདེབས་སུ་འབུལ་དུ་འཇུག་པ་དང་། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཉར་དངོས་ཕུན་སུམ་ཚོཊ་སུ་གཏོང་དགོས་པ། འགྲེལ་བཤད་པའི་ཞབས་ཞུའི་ཆུ་ཚད་དང་ལས་སྒོའི་བྱང་ཚད་མཐོ་རུ་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་གསར་གཏོད་ཐོན་རྫས་དེ་བས་མང་བ་གསར་སྤེལ་བྱས་ཏེ་ཡུལ་སྐོར་བའི་ཉམས་ལེན་སྔར་བས་ལེགས་སུ་གཏོང་དགོས་པ། ལོ་རྒྱུས་ཀྱི་གནས་ཚུལ་ལ་བརྩི་སྲུང་ཞུས་ནས་རིག་དངོས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་འབྲི་གཡག་རིག་གནས་གཞི་རྟེན་དུ་བྱས་ནས་མི་རིཊ་ཁག་གི་འགྲོ་འོང་དང་། སྤེལ་རེས་ མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཆུ་རྐྱལ་ཁང་དང་། བྱ་སྒྲོའི་སྤོ་ལོ་ཁང་། ལན་ཆིའུ་སྤོ་ལོ་ཁང་བཅས་སུ་ཕེབས་སྐབས། ཤའོ་ཡིའུ་ཚའེ་ཡིས་ལུས་རྩལ་ཁང་ཁག་གི་གཉེར་སྐྱོང་རྣམ་པ་མཁྱེན་རྟོགས་གནང་བ་དང་འབྲེལ་ལུས་རྩལ་ཁང་གི་འགྲན་བསྡུར་ཆེ་གྲས་དང་བྱེད་སྒོ་ཇུས་འགོད་སོགས་ཀྱི་གནས་ཚུལ་སྐོར་གྱི་འབྲེལ་ཡོད་འགན་འཁུར་བའི་སྙན་ཞུར་གསན་པ་རེད། ཁོང་གིས“ལུས་རྩལ་ཐང་ཆེན་གཅིག་དང་ལུས་རྩལ་ཁང་གཉིས”ཀྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།སྤྱི་པའི་ལུས་རྩལ་ཁང་དང་འགྲན་ཁང་གི་གཉེར་སྐྱོང་རྣམ་པ་གསར་གཏོད་འཚོལ་ཞིབ་བྱས་ཏེ་རྒྱུན་གཏན་གྱི་ལུས་རྩལ་ཁང་གི་དོ་དམ་དང་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས།མང་ཚོགས་ཀྱི་ལུས་སྦྱོང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་དགོས་ཞེས་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ད་དུང་ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་ནུས་པ་ཆེ་རུ་གཏོང་བའི་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་དང་། རྣམ་གྲངས་སྐུལ་འདེད་ཀྱི་ལས་རིམ་ཁྲོད་ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་ཞིང་། ཁོང་གིས་མང་ཚོགས་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མང་ཚོགས་སྒྱུ་རྩལ་ཁང་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད་པས་ཇུས་འགོད་ཇུས་གཞི་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社