分享按钮

བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་སྐྱེས་ཐོབ་ཁྱད་ཆོས་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག ལག་རྩལ་མཐོ་གསར་གྱི་གྲངས་གཞི། བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་མུ་མཐུད་སྐྱེད་པ་དང་། ས་མཐོའི་ཡང་བའི་བཟོ་ལས་སོཊ་གསར་དར་ཐོན་ལས་སྐྱེད་སྲིང་མགྱོགས་མྱུར་བྱེད་བཞིན་ཡོད། ཡན་ཅིན་ཧའེ་ཡིས་ན་ནིང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་651ཟིན་པ་དེ་ནི་དུས་མཚུངས་ལས་བརྒྱ་ཆ་83.7དང་བརྒྱ་ཆ་60འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་དོན་དངོས་ལེགས་པར་བསྒྲུབས་པའི་ཐད། ཡན་ཅིན་ཧའེ་ཡིས་ང་ཚོས་ཆུ་དང་། གློག ལམ། ཆ་འཕྲིན། ཁང་པ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་ཆུ་ཟོ་ཆུ་སྦུག་ཏུ་གྱུར་པ་དང་། སྣུམ་སྒྲོན་གློག་སྒྲོན་དུ་གྱུར་པ། ཐལ་ལམ་སྣུམ་ལམ་དུ་གྱུར་པ། གུར་སོ་ཕག་ཁང་པར་གྱུར་པ་སོགས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

འབྱུང་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་གསལ་བར་བྱས་ཡོད། མིག་སྔར།བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་36བཟུང་བ་དང་། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་གི་རྒྱ་ཁྱོན་གྱིས་བརྒྱ་ཆ་50ཡན་བཟུང་ཡོད། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དཔྱད་འབྲས་ལས་མངོན་པར་གཞིགས་ན། མཚོ་བོད་ས་མཐོའི་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་9ལས་བརྒལ་ཞིང་། དེ་ནི་རྨ་ཆུའི་ལོ་150དང་འབྲི་ཆུའི་ལོ་10ཡི་ལོ་རེའི་བཞུར་རྒྱུན་དང་མཚུངས་པ་དང་། མཚོ་བོད་ས་མཐོའི་ཁྱོན་ཡོངས་སུ་ཐཱན་སྙོམས་མངོན་འགྱུར་བྱུང་ཡོད།

མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་བཏང་བའི་ཐད། ཡན་ཅིན་ཧའེ་ཡིས་ང་ཚོས་མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ནས་འཐུས་ཚང་དུ་བཏང་བ་དང་། སྒོ་དབྱེའི་མཉམ་ལས་གཏིང་ཟབ་ཏུ་བཏང་བ། བོད་ལྗོངས་ཀྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་འཛམ་གླིང་ལ་ཁྱབ་ཐབས་བྱས་ཡོད་ཅེས་གསུངས་པ་རེད།

ཡན་ཅིན་ཧའེ་ཡིས་མ་འོངས་པར་བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏེ་ལས་འགན་ཨང་དང་པོ་དེར་དམ་འཛིན་དང་། ཡུལ་བབ་དང་བསྟུན་པ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་སྤུས་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་བརྩམ་རྒྱུ་དང་། རྒྱལ་ཁབ་སྟོབས་ལྡན་འཛུཊ་སྐྲུན་དང་མི་རིཊ་བསྐྱར་དར་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181472.html 1 བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ། /enpproperty-->