ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་22ཉིན་ལྷ་སའི་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་2024ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་དེས“ལག་རྩལ་སྣ་གཅིག་ལག་ཏུ་ཡོད་པས་མི་ཚེ་ཧྲིལ་པོར་སེམས་ཁྲལ་མེད”ཅེས་པ་གཙོ་དོན་བྱས་ཤིང་།དེའི་དམིཊ་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་སྔར་བས་ཆགས་པ་དང་ལས་རིགས་སློབ་གསོའི“མདུན་ལམ་ཡངས་ཤིང་ལས་དོན་སྤེལ་རིན་ཆོག་པའི”སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།
སློབ་གྲྭ་བཙུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་ལྷ་ས་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་འདི་ཉིད་མེད་པ་ནས་ཡོད་པ་དང་། ཞན་པ་ནས་སྟོབས་ལྡན་དུ་གྱུར་ཡོད། མིག་སྔར་འབྲིང་རིམ་ལས་རིགས་ཆེད་ལས་20བཙུགས་པའི་ནང་ལོ་ཏོག་ཐོན་སྐྱེད་ལག་རྩལ་དང་། ཞིང་འཕྲུལ་སྒྲིག་ཆས་བེད་སྤྱོད་དང་ཉམས་གསོ། རླངས་འཁོར་བེད་སྤྱོད་དང་ཉམས་གསོ་བཅས་ནི་རང་སྐྱོང་ལྗོངས་ཀྱི་གྲགས་ཆེ་བའི་ཁྱད་ལྡན་ཆེད་ལས་རེད། དེ་དང་ཆབས་ཅིག་མེ་ཏོག་འདེབས་པ་དང་། གཅེས་ཉར་སྲོག་ཆགས་ཀྱི་མཛེས་བཟོ། སྦི་རག་བསྙོལ་སྟངས། ཇ་འདེབས་སྟངས་སོགས་འདེམས་སྦྱོང་སློབ་ཚན་བཙུགས་ནས་མི་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོ། བོད་ཡིག་གི་ཡིག་གཟུགས། རྒྱ་ཡིག་གི་ཡིག་གཟུགས། གསུང་རབ་ཀློག་འདོན་སོགས་ཀྱི་སློབ་ཚན་བཏོད་དེ་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་གཟའ་འཁོར་རིང་སློབ་གྲྭས་ལས་རིགས་རྩལ་ནུས་འགྲན་བསྡུར་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་སྤེལ་རེས། སློབ་ཁྲིད་གྲུབ་འབྲས་འགྲེམས་སྟོན། སློབ་གྲྭའི་སྒོ་དབྱེའི་ཉིན་མོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འགྲེམས་སྟོན་དང་སྤེལ་རེས་སློབ་སྦྱོང་གི་སྟེགས་བུ་ཧུར་ཐག་བསྐྲུན་ཏེ།དེའི་ནང་ཞུགས་མཁན་ཚང་མས་ལས་རིགས་སློབ་གསོའི་ཁྱད་ཆོས་དང་རིན་ཐང་ཚོར་ཐུབ་ཅིང་།གཞོན་ནུ་སློབ་མ་དེ་བས་མང་བ་ལས་རིགས་སློབ་གསོའི་ནང་ཞུགས་པའི་སྤྲོ་བ་དང་ཡིད་ཆེས་འཕེལ་ཐུབ་པར་བྱ་རྒྱུ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社