分享按钮

གྲོང་ཁྱེར་བོད་སྐད་ཨུད་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་རྒྱ་བོད་ལོ་ཙཱའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་རྒྱ་བོད་ལོ་ཙཱའི་ལས་དོན་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་སྤུས་ཚད་མཐོ་བའི་རྒྱ་བོད་ལོ་ཙཱའི་དཔུང་ཁག་འཛུགས་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་བོད་སྐད་ཨུད་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་གཙོ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་བོད་སྐད་ལས་དོན་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། དུས་ཐེངས་བཅུ་པའི་རྒྱ་བོད་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་གཞི་རིམ་རྒྱ་བོད་ལོ་ཙཱའི་ལས་དོན་པ་54ཡིས་དུས་ཡུན་ཉིན་བདུན་རིང་གཅིག་སྡུད་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།

མི་རིགས་སྐད་ཡིག་གི་ལོ་ཙཱའི་བྱ་གཞག་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་མི་རིགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་གསོ་སྦྱོང་ནང་རང་གྲོང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དང་མཁས་དབང་གྲགས་ཅན་གདན་དྲངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། འགྱུར་ཡིག་གི་སྐད་བརྡའི་གོམས་སྲོལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གལ་ཆེའི་རང་བཞིན། ལོ་ཙཱ་དང་རྩོམ་རིག ལོ་ཙཱའི་དཔྱད་དཔྱོད། བོད་སྐད་བརྡ་སྤྲོད་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་མར་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱས་ཡོད། སློབ་ཚན་ཐད་གཅིག་སྡུད་གསོ་སྦྱོང་དང་ཚོགས་ཆུང་བགོས་ནས་གྲོས་བསྡུར། རང་མོས་ཞིབ་བསྡུར་དང་ཆེད་ལས་མཁས་པའི་ཟུར་ཁྲིད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆེད་དོན་ཞིབ་བསྡུར་བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་ཡོད། དེ་དང་ཆབས་ཅིག་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཁྲོད་སློབ་མ་ཚོས་རང་ངོས་ཀྱི་ལས་དོན་ལ་དམིགས་ནས་བསམ་ཚུལ་ལྷུག་པོར་གླེང་སྟེ་ཉམས་མྱོང་སྤེལ་རེས་བྱས་ཡོད།

གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ལོ་ཙཱའི་སྐར་ཁུང་གི་ལས་བྱེད་མི་སྣ་བསྟན་འཛིན་དབང་གྲགས་ཀྱིས་ང་ནི་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་ལོ་ཙཱའི་སྐར་ཁུང་གི་ལས་བྱེད་མི་སྣ་ཞིག་ཡིན།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181468.html 1 གྲོང་ཁྱེར་བོད་སྐད་ཨུད་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་རྒྱ་བོད་ལོ་ཙཱའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། /enpproperty-->