分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོས་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་ཐོན་ལས་དང་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དང་རེ་འདུན་འཆར་འགོད་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བཟང་ཆ་གསབ་རེས་བྱེད་པ། གོང་འཕེལ་གྱི་སྒུལ་ཤུགས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་པ། ཕྱོགས་གཉིས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ཀྲུང་གོས་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ལ་ཐུན་མོང་ཐོག་ཇུས་འགོད་བྱས་ཏེ། ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དབར་གྱི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་བསྟན་ཡོད།

ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ཉིན་དེར་ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། གཙོ་དོན་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་ཐོན་ལས་དང་མ་འཇོག་མཉམ་ལས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181467.html 1 /enpproperty-->