分享按钮

ཤའོ་ཡིའུ་ཚའེ་ཡིས་ཡུལ་དངོས་སུ་རིག་གནས་ལུས་རྩལ་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

ཁྲེན་ཅིང་བརྟག་ཞིབ་ནང་ཞུགས་པ།

པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་བོད་ལྗོངས་གཡག་རྟེན་མཛོད་གླིང་ནང་གི་འགྲེམས་སྟོན་སྒྲིག་བཀོད་དང་།གཉེར་སྐྱོང་བྱེད་སྟངས།རྗེས་མཐུད་ཀྱི་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པའི་རྣམ་པ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བོད་ལྗོངས་གཡག་རྟེན་མཛོད་གླིང་དང་། གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས། མང་ཚོགས་སྒྱུ་རྩལ་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྤྱི་པའི་རིག་གནས་དང་ལུས་རྩལ་ཁང་འཛུགས་སྐྲུན་དང་བེད་སྤྱོད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལུས་རྩལ་ཁང་སྣ་ཚོགས་གཉེར་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ།སྤྱི་པའི་རིག་གནས་ལུས་རྩལ་ཞབས་ཞུའི་ཐད་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་མགུ་ཚད་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་ཡོད།

བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་འབྲི་གཡག་དང་འབྲི་གཡག་རིག་གནས་གཙོ་དོན་དུ་བྱས་པའི་རྟེན་མཛོད་གླིང་ཞིག་ཡིན་པ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 ཁྲེན་ཅིང་བརྟག་ཞིབ་ནང་ཞུགས་པ། 6 6 拉萨日报藏文 c181463.html 1 ཤའོ་ཡིའུ་ཚའེ་ཡིས་ཡུལ་དངོས་སུ་རིག་གནས་ལུས་རྩལ་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->