分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་དང་འཕྲིན་ལན་གྱི་དགོངས་དོན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་གསུང་བཤད་ཀྱི་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཁྲོད་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མཐའ་འཁྱོངས་བྱེད་དགོས་པའི“རྩ་དོན་གསུམ”དང་། གཅིག་གྱུར་འཆར་འགོད་བྱེད་དགོས་པའི“འབྲེལ་བ་ཆ་ལྔ” ནུས་ཤུགས་གང་ཡོད་འདོན་དགོས་པའི“ལས་འགན་ལྔ”བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད། “འདུ་ཤེས་ཆེན་པོ་ལྔ”དང་། “གལ་ཆེ་མཉམ་འཛིན་གྱི་འཕེལ་རྒྱས་ལྔ”སོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ།ཁྱད་ལྡན་དྲིལ་བསྒྲགས་ཐད་སྔོག་འདོན་གཏིང་ཟབ་དང་། མཛེས་ལྗོངས་ཁུལ་ཧུར་ཐག་གཏོད་པ། སྒྲིག་བཀོད་ཆ་ཚང་སྒྲིག་པའི་ཐད་དམ་འཛིན་གང་ལེགས་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་རི་རིང་པོའི་འདབས་སུ་གནས་པའི་པེ་ཅིང་གྲོང་ཁྱེར་པ་ཏ་ལིང་གི་ཡུལ་མི་ཚོར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཟུང་འབྲེལ་དང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཆ་སྒྲིག་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ།ལོ་རྒྱུས་ཀྱི་རྣམ་པར་སྲུང་སྐྱོང་ཡག་པོ་དང་ལྷ་སའི་གཏམ་རྒྱུད་ཡག་པོ་བཤད་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 6 6 拉萨日报藏文 c181462.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->