ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི“སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་གཙོ་དོན་དུ་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ང་ཚོས་བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ཤིང་། ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཁུལ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་ཞིང་དར་འཕེལ་དང་དམངས་ཕྱུག་ཀྱི་ལས་ཀའི་དཔེ་སྟོན་ཁུལ་བཅས་གཏོད་པའི་འཛུཊ་གཏོད་བཞིར་དམིཊ་ཏེ་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་སྒོར་དུང་ཕྱུར་1900ཙམ་ནས་ན་ནིང་གི་སྒོར་དུང་ཕྱུར་2400ཙམ་བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ས་མཐོའི་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ལམ་བུ་གསར་པ་ཞིག་ཧུར་ཐག་བཏོད་ཡོད་ཅེས་གསུངས་པ་རེད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་བའི་ཐད། བོད་ལྗོངས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་ནས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པའི་སྲོལ་ཡིག》བཏོན་ཡོད། ཡན་ཅིན་ཧའེ་ཡིས“མིག་སྔར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་བཙུགས་ནས་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(སྡེ་ཁུལ)བཅས་ཁྱོན་ཡོངས་ལ་ཁྱབ་ཡོད་ཅིང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་བྱས་ཏེ། མཆོག་ཏུ་གྱུར་པའི་རྒྱལ་ཁོངས་མཉམ་དུ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་ཡོད་ཅེས་གསུངས་པ་རེད།
ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་དགེ་མཚན་གསར་དུ་བཞེངས་པའི་ཐད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社