ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་གིས་ཚོཊ་འདུ་གཙོ་སྐྱོང་གནང་བ་རེད།
ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཕེབས་དགོས་ངེས་ཀྱི་ཀྲུའུ་རེན་གྱི་ཁོངས་མི་9ཡོད་པ་དང་དངོས་སུ་མི་5ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུའི་ཐོག་འགན་འཛིན་ལས་དོན་སྐོར་གྱི་གསལ་བཤད་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁང་བདག་ཁོངས་དོ་དམ་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་གསན་ནས་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་ཟླ་5ཚེས་24ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་འཚོགས་ཡུན་ཉིན་གཅིག་ཡིན་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཕེང་ཧྥེ་ཡུའེ། ཚེ་རིང་དོན་གྲུབ།དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོཊ་འདུར་ཞུཊ་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社