ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱུང་བ་དང་བསྟུན་ནས་འཛད་སྤྱོད་བྱ་ཡུལ་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་གྱི་ཡོད། ཡུལ་སྐོར་པར་ཁང་གིས་དེའི་དམིགས་བསལ་གྱི་ཞབས་ཞུ་དང་གསར་གཏོད་ལ་བརྟེན་ནས་ཡུལ་སྐོར་བའི་ཡུལ་སྐོར་བྱ་ཡུལ་ལ་ངོ་མཚར་དེ་བས་ཆེ་བ་སྣོན་བཞིན་ཡོད།
བར་སྐོར་ཁྲོམ་གཞུང་དུ་བསྐྱོད་སྐབས་གང་སར་ཡུལ་སྐོར་པར་ལེན་ཚོང་ཁང་ཆེ་ཆུང་མང་པོ་མཐོང་རྒྱུ་ཡོད་པ་དང་སྲང་ལམ་གང་དུ་ཡང་བོད་ཀྱི་གྱོན་ཆས་གྱོན་པའི་ཡུལ་སྐོར་བ་མཐོང་རྒྱུ་ཡོད། གསར་འགོད་པ་སྐབས་བསྟུན་གྱིས་ཡུལ་སྐོར་པར་ལེན་ཚོང་ཁང་ཞིག་ཏུ་སྐྱོད་སྐབས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་འཕྱུར། ཚོང་ཁང་ནང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཁེངས་ཡོད་པ་དང་ལས་དོན་མི་སྣས་གོ་རིམ་ལྡན་པའི་སྒོ་ནས་སྐུ་མགྲོན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་དང་གྱོན་ཆས་གདམ་ག་བྱས་ནས་བཟོ་དབྱིབས་ཇུས་འགོད་དང་། དེ་ནས་པར་ལེན་བཀོད་སྒྲིག་བཅས་ཀྱི་ལྷུ་ཚིགས་ཚང་མའི་ཐོག་ནས་ཡུལ་སྐོར་པར་ལེན་གྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མངོན་གྱི་ཡོད་པ་རེད། ཡུལ་སྐོར་པར་ཁང་དེའི་པར་ལེན་པ་ལན་པོ་ཡིས་ད་ཆ་ཡུལ་སྐོར་གྱི་མཐོ་རླབས་དུས་སྐབས་ཡིན་པ་དང་ཚོང་ཁང་ནང་གྱོན་ཆས་བོགས་མར་གཏོང་བ་དང་། མཛེས་སྤྲོས། པར་ལེན་པ། པར་རིས་བཟོ་བཅོས་བཅས་ཀྱི་ཞབས་ཞུ་ཆ་ཚང་མཁོ་འདོན་བྱེད་ཀྱི་ཡོད་པ་དང་ཉིན་ལྟར་ཉུང་མཐར་ཡང་སྐུ་མགྲོན་20ལ་སྣེ་ལེན་བྱེད་ཀྱི་ཡོད་པས་སྐུ་མགྲོན་གྱིས་ཉིན་7གྱི་སྔོན་ལ་ཁ་ཆད་བྱེད་དགོས་ཀྱི་ཡོད་པ་རེད། ལན་པའོ་ཡིས་ང་ཚོས་ཟླ་3པ་ནས་བཟུང་རྒྱུན་གཏན་གྱི་ལས་གཉེར་བྱེད་པ་དང་ཟླ་5པར་ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་པས་ལྷ་སའི་མཛེས་ལྗོངས་ཁུལ་མང་ཞིང་ཁྲོམ་ར་ཡག་པོ་ཡོད་ལ་ཡོང་འབབ་ཀྱང་ཡག་པོ་ཡོད་པས་ང་ཚོར་ཡུན་རིང་མུ་མཐུད་སྒྲུབ་རྒྱུའི་ཡིད་ཆེས་ཡོད།ང་ཚོའི་ཚོང་ཁང་ནང་གི་རྒྱན་གོས་ནི་ལྷ་སའི་སྲོལ་རྒྱུན་གྱོན་གོས་གཙོ་བོ་ཡིན་པ་དང་དངུལ་ཁེ་བཟང་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་རིག་གནས་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།
ཡུལ་སྐོར་པར་ལེན་གྱིས་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་སྐད་ཅིག་མ་ཟིན་ཐོར་བཀོད་ཡོད་པ་མ་ཟད། གྲོང་ཁྱེར་གྱི་མཛེས་ལྗོངས་དང་སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱང་བརྙན་འཕྲིན་བརྒྱུད་མི་དེ་བས་མང་བ་ཞིག་ལ་བརྒྱུད་སྤྲོད་བྱས་པས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ནས་ལྷ་སའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུཊ་གསར་པ་བསྣན་ཡོད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社