分享按钮

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་དོན་སློབ་གསོའི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོའི་གཙོ་དོན་ཏེ་རྟེན་རྫས་བཤམས་མཛོད་ཁང་གིས་སློབ་གསོ་དང་ཞིབ་འཇུག་ལ་གཞོལ་བ་ཞེས་པའི་གཙོ་དོན་ལ་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད།

2021ལོར། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཐད་ཀའི་འགོ་ཁྲིད་འོག་རིག་གནས་དངོས་མང་བཤམས་སྟོན་གྱི་རིག་གནས་གསར་གཏོད་ཚོང་འདུས་སྐབས་དང་པོ་བདེ་བླག་ངང་གཉེར་བ་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྤུས་རྟཊ་བྱེད་སྒོར་གྱུར་པ་དང་། འདི་ལོ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ལྗོངས་ནང་ཁུལ་གྱི་རིག་གནས་དངོས་མང་བཤམས་སྟོན་ཚན་པ་དང་རིག་གནས་ཁེ་ལས་11གདན་དྲངས་ནས་རིག་གནས་དངོས་མང་བཤམས་སྟོན་རིག་གནས་གསར་གཏོད་ཚོང་འདུས་སྐབས་གསུམ་པ་གཉེར་བ་དང་། བྱེད་སྒོའི་ནང་ངོ་འབག་ལ་ཚོན་རྩི་བྱུག་པ་དང་བོད་ཀྱི་མིག་མངས་སོགས་རིག་གནས་ཉམས་ལེན་བྱེད་སྒོ་ཆ་ཚང་སྤེལ་བ་རེད། ཡུལ་དངོས་སུ་བག་ཆཊ་དང་། བོད་ཀྱི་དངོས་མང་བཤམས་སྟོན་གྱི་གསར་གཏོད་བརྡ་ཁྱབ་ཇུས་འགོད་འགྲན་བསྡུར་ཆེན་མོའི་འགྲེམས་སྟོན་བྱས་པ་དང་འགྲན་བསྡུར་ཆེན་མོར་ལྗོངས་ཕྱི་ནང་གི་ཞིང་ཆེན་དང་གྲོང་ཁྱེར་24ནས་ཡོང་བའི་ཇུས་འགོད་པ་217གྱི་འགྲན་ཞུགས་བརྩམས་ཆོས་270འབྱོར་ཞིང་། ད་ཐེངས་ཕུལ་བྱུང་བརྩམས་ཆོས་40འདེམས་སྒྲུག་བྱས་ནས་འགྲེམས་སྟོན་བྱས་ཡོད་པ་རེད། གསར་གཏོད་འགྲེམས་སྟོན་དང་རིག་གནས་གསར་གཏོད་ཚོང་འདུས་གཉིས་མཉམ་འདྲེས་གང་ལེཊ་བྱས་ནས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་དེ་སྒྱུ་རྩལ་འགྲེམས་སྟོན་བྱེད་སའི་འགྲན་རའི་མཛེས་རྒྱན་ཡང་བྱས་ཏེ་ཡུལ་སྐོར་བས་རིག་གནས་གསར་གཏོད་ཐོན་རྫས་འདེམས་པ་དང་དུས་མཚུངས་གོམ་པ་སྤོ་མཚམས་བཞག་ནས་སྒྱུ་རྩལ་གྱི་ཉམས་འགྱུར་མྱོང་ཚོར་ཐུབ་པ་བྱ་རྒྱུ་རེད།

བོད་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་དང་ཞིབ་འཇུག་ཁང་གི་ལས་མི་པ་སངས་ནོར་བུས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་རིག་གནས་དངོས་མང་བཤམས་སྟོན་ཚན་པས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ་སོགས་སུ་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་ཚོགས་ལ་སློབ་གསོ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དངོས་འབྲེལ་འདོན་སྤེལ་བྱས་ཏེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་རེད་ཅེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181460.html 1 བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་དོན་སློབ་གསོའི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ། /enpproperty-->