分享按钮

གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ།

(པར་ངོས་དང་པོར་མཐུད)ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱེད་པར་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ནུས་ལྡན་གྱི་ནུས་པ་སྤྲོད་པ་དང་ཁ་འབྲལ་ཐབས་མེད། གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞིས་རྒྱལ་ནང་གི་གྲགས་ཅན་སློབ་གླིང་དང་སུའོ་ཡི་གྲངས་འཛིན་དང་རིགས་གཅིག་མཁས་ཅན་བོད་དུ་བསྐྱོད་པའི་བྱེད་སྒོ་རབ་དང་རིམ་པ་དང་ཟུང་འབྲེལ་གྱི་གྲངས་འཛིན་གླིང་ཁུལ་དུ་བསྐྱོད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་གྲངས་འཛིན་ཅན་གྱི་ལག་རྩལ་ཁེ་ལས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་ཁེ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རོགས་རམ་བྱེད་པ་དང་། མིག་སྔར་། ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་བྱ་རྒྱུ་དེ་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བར་ངེས་པར་དུ་དམ་འཛིན་བྱ་གཞི་གལ་ཆེན་དང་ངེས་པར་དུ་བརྩོན་ལེན་བྱེད་དགོས་པའི་འགག་རྩའི་འགྲན་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད། བོད་ཀྱི་ཆུ་བཟང་ལས་རིགས་མཐུན་ཚོགས་ཀྱི་ལས་དོན་མི་སྣ་ཧྥང་ཏེ་ཧས། གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་རྗེས་བོད་ཀྱི་ཆུ་བཟང་དང་ལྷ་སའི་ཆུ་བཟང་བོད་ནས་ཐོན་ཏེ་འཛམ་གླིང་དུ་བསྐྱོད་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།

མཛད་སྒོའི་ཐོག་གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་རིགས་གཅིག་མཁས་ཅན་གྱིས་གཙོ་དོན་གཏམ་བཤད་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ལྷ་ས་གྲོང་ཁྱེར་དང་ལྗོངས་ཡོངས་ཀྱི་ལས་རིགས་ཁག་རིག་ནུས་ཅན་གྱི་སྒྱུར་བཀོད་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ཐིང་ཐིང་གིས། ང་ཚོས་གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་དམིགས་ཡུལ་ནི་ལས་རིགས་ལ་ཞིབ་འཇུག་དང་། ལས་རིགས་དབར་སྤེལ་རེས། ལས་རིགས་ཀྱི་བྱེད་སྒོ། ལས་རིགས་ཁྱབ་གདལ། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚད་གཞི་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ལྷ་སར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ནས་ལྷ་སར་ས་གནས་འདི་ག་ཅན་གྱི་ལས་རིགས་ཤེས་ལྡན་མི་སྣའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ཏེ་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཆགས་པ་དང་ཐོན་ལས་ཁག་གཅིག་གི་འབྲེལ་མཐུད་ལ་སྐུལ་འདེད་བཏང་ཐོག་ལྷ་ས་གྲོང་ཁྱེར་གྱི་གྲངས་གཞིའི་ལག་རྩལ་བེད་སྤྱོད་དང་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་བྱ་སྤྱོད་འཆར་གཞིའི་ནང་སྲིད་གཞུང་གི་མཛུབ་ཁྲིད་དང་ཁྲོམ་རའི་གཙོ་ཁྲིད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་མཐོ་བའི་ཆེད་ལས་ཀྱི་གླེང་སྟེཊ་སོཊ་ཀྱི་བྱ་ཐབས་བརྒྱུད་G5དང་། སྤྲིན་རྩིས། གཞི་གྲངས་ཆེ་གྲས་སོགས་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་གྱིས་ལས་རིགས་སྣ་ཚོགས་ལ་ནུས་པ་སྤྲོད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་རང་ལྗོངས་ཀྱི་ཐོན་ལས་སྤུས་ཚད་མཐོ་རུ་གཏོང་བ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་རམ་འདེགས་བྱ་རྒྱུ་དང་། མཐོ་གསར་གྲངས་འཛིན་ཐོན་ལས་དང་སྲོལ་རྒྱུན་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181458.html 1 གྲངས་འཛིན་གྱིས་ལས་རིགས་མང་པོར་ནུས་སྤྲོད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ། /enpproperty-->