分享按钮

ཤའོ་ཡིའུ་ཚའེ་དང་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པའི་སྤྱི་ཁྱབ་གཞོན་པ་སུན་པིན་དང་བཅས་པ་བཞུགས་མོལ་གནང་བ།

(པར་ངོས་དང་པོར་མཐུད)གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞབས་ཞུ་རྩེ་གྲའི་ས་གནས་དང་མ་འཇོག་ལས་གཉེར་རྩེ་གྲའི་ས་གནས་གཏོད་རྒྱུར་གཞོལ་ནས་ཁེ་ལས་ལ་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་ཏེ་ལྷ་སར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་སར་ལོ་ངོ་13རིང་ལས་དོན་གཏིང་ཟབ་བསྒྲུབས་ནས་སྔ་རྗེས་སུ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དང་།ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་འཆར་འགོད་ཇུས་འགོད་ནང་ཞུགས་པས།ཇུས་འགོད་ཁྱབ་ཁོངས་ཀྱི་གཟི་བརྗིད་མང་པོ་ཐོབ་པ་མ་ཟད།གཞི་གཅིག་ཅན་གྱི་རྣམ་གྲངས་དོ་དམ་དང་བེད་སྤྱོད་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཤེས་ལྡན་མི་སྣ་དང་ལག་རྩལ་ཐད་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་འབྲེལ་མཐུད་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ནས་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དང་ནུས་པ་རྒྱུན་ཆད་མེད་པར་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

སུན་པིན་གྱིས་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ལྷ་སར་རྣམ་གྲངས་སྤེལ་ཚུལ། ཕྱོགས་གཉིས་པོའི་འབྱུང་འགྱུར་མཉམ་ལས་ཀྱི་ཁ་ཕྱོགས་བཅས་ངོ་སྤྲོད་མདོར་བསྡུས་གནང་ཞིང། ཁོང་གིས་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ལག་རྩལ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་ལྷ་སར་སྤུས་ཚད་མཐོ་བའི་འཆར་འགོད་ཇུས་འགོད་ཞབས་ཞུ་མུ་མཐུད་མཁོ་འདོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིའི་ཕུའུ་ཞའོ་ཧྥེ་དང་། ཏོན་ཡུང་། ཀྲའོ་ཕེ། ཀྲོའུ་ཆུང་བཅས་བཞུགས་མོལ་ནང་ཞུགས་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181457.html 1 ཤའོ་ཡིའུ་ཚའེ་དང་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པའི་སྤྱི་ཁྱབ་གཞོན་པ་སུན་པིན་དང་བཅས་པ་བཞུགས་མོལ་གནང་བ། /enpproperty-->