分享按钮

(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་ཡིས་དང་ཐོག་གྲོང་ཨུད་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོཊ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་།དུས་ཡུན་རིང་པོའི་ནང་ལྷ་སའི་རིག་རྩལ་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ།གྲོང་ཁྱེར་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་དང་རིག་གནས་བསམ་བློའི་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་དུ་བཞག་གནང་ནས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་ལ་དམིགས་ནས་དགོངས་པ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཆགས་པ་དང་།ཏང་གི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བས།མ་འོངས་ལ་བཅངས་པའི་ཕུགས་འདུན་དང་དུས་རབས་གསར་པར་བཅངས་པའི་རེ་བ་མཚོན་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་འདས་ཟིན་པའི་ལོ་ལྔའི་རིང་།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རིག་རྩལ་མཉམ་འབྲེལ་རྩ་འཛུགས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་གདོང་དམག་བདུན་ཡག་པོ་བྱེད་པ་དང་རིག་གནས་ཀྱི་གྲོང་ཁྱེར་སྟོབས་ལྡན་ཞིག་འཛུགས་གཏོད་བྱེད་པར་རིག་རྩལ་གྱི་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་།རིག་རྩལ་ལས་དོན་པའི་ལེགས་སྐྱེས་ཀྱང་འདུས་ཡོད།གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྔར་ལས་རྒྱས་པའི་སྙིང་སྟོབས་དང་།སྔར་ལས་ཟབ་པའི་འཐབ་སེམས།སྔར་ལས་སྤུས་ལེགས་ཀྱི་བརྩམས་ཆོས་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་རིག་རྩལ་བྱ་གཞག་དར་རྒྱས་ལ་སྐུལ་འདེད་བཏང་སྟེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་།རིག་གནས་ཀྱི་གོང་བུར་འགྲིལ་ཤུགས།བསམ་པའི་སྒུལ་ཤུགས་ཆེན་པོ་བཅས་འདོན་སྤེལ་བྱེད་དགོས་པ་སྟེ།

རྒྱུན་བསྲིངས་ལག་བསྟར་གྱི་སྙིང་རུས་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ནང་དུ་དོན་ཆེན་ཡོད་དགོས་པ།དེ་ཡང་བློ་སེམས་ཏང་ལ་གཏད་རྒྱུ་བློ་ལ་བརྟན་པོར་ངེས་ནས།རིག་རྩལ་པའི་བློ་སེམས་ནམ་ཡང་ཏང་ལ་གཏད་པའི་ལག་ལེན་གྱི་ཚ་རླབས་ཕྱོགས་ཡོངས་ནས་འཕྱུར་ཏེ།སེམས་རྩ་འཁོལ་པོའི་སྒོ་ནས་ཏང་གི་ཆེད་དུ་གླུ་དབྱངས་ལེན་པ་དང་།ཏང་གི་ཆེད་དུ་ཞབས་བྲོ་འཁྲབ་པ།ཏང་གི་ཆེད་དུ་བསྔགས་བརྗོད་བྱེད་པ་བཅས་བྱས་ཏེ།བློ་བརྟན་འགྱུར་མེད་ཀྱིས་ཏང་དང་བློ་སེམས་གཅིག་མཐུན་དང་།ཏང་དང་ཁ་ཕྱོགས་གཅིག་གཏད།ཏང་དང་མཉམ་དུ་འགྲོ་སྐྱོད་བཅས་བྱེད་དགོས།སྤྱོད་བཟང་དང་སྒྱུ་རྩལ་གཉིས་ཀྱི་དགེ་མཚན་བློ་ལ་ངེས་ནས་མི་སྤྱོད་དང་།ལས་སྒྲུབ།སྒྱུ་རྩལ་བཅས་གཅིག་གྱུར་ཡོང་བར་བྱེད་པ་དང་།གནས་ཚད་ལ་སྣང་ཆེན་དང་།ཉམས་འགྱུར་ལ་སྣང་ཆེན།འགན་འཁྲི་ལ་སྣང་ཆེན་བཅས་བྱེད་པར་དར་སྤེལ་ཤུགས་ཆེན་གཏོང་བ།བསམ་ཕྱོགས་གསོག་འཇོག་དང་།ཤེས་བྱ་གསོག་འཇོག སྒྱུ་རྩལ་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་སྔོན་ཐོན་རིག་གནས་ལག་ལེན་བྱེད་མཁན་དང་སྤྱི་ཚོགས་ཀྱི་དར་སྲོལ་སྣེ་ཁྲིད་བྱེད་མཁན་དུ་འགྱུར་བར་བྱེད་དགོས།

སྔར་རྒྱུན་ལྟར་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་སུ་མི་དམངས་བཅངས་ཐུབ་པར་བྱེད་དགོས།དེ་ཡང་ལྷ་སའི་ས་གཞི་ཆེན་པོར་རྩ་བར་བརྟན་པོར་བཙུགས་ནས་ལྷ་སའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་།ལྷ་སའི་སྙིང་སྟོབས་སྔོག་འདོན་དང་གསོ་སྐྱོང་བྱེད་པའི་ལས་འགན་དང་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ལྷ་སའི་རིག་གནས་དང་ལྷ་སའི་སྙིང་སྟོབས་ལ་གསོ་སྐྱོང་ཡག་པོ་དང་།འགྲེལ་བཤད་ཡག་པོ།བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ལྷ་སའི་རིག་གནས་ལ་བརྟེན་ནས་རིག་གནས་ཀྱི་ལྷ་ས་དེ་བས་ལེགས་པ་གཏོད་དགོས།མི་དམངས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ།མི་དམངས་ཀྱི་ཁྲོད་དུ་བསྐྱོད་དེ་མི་དམངས་གཙོ་བོར་འགྱུར་བར་བྱེད་པ་དང་།འབད་བརྩོན་ལྷོད་མེད་ཀྱིས་མི་དམངས་ཀྱི་ཆེད་དུ་བརྩེ་དུང་མཚོན་པར་བྱེད་དགོས་ལ།མི་དམངས་ཀྱི་སེམས་སུ་ཡང་བསྐྱོད་དེ་མི་དམངས་ཀྱི་དགའ་སྐྱོ་དངོས་སུ་མྱོང་ཚོར་བྱེད་པ་དང་།སེམས་རྣལ་དུ་ཕབ་ནས་དོན་དངོས་དང་བབ་ཆགས་པའི་མི་དམངས་ཀྱི་གཟུགས་བརྙན་མཚོན་པར་བྱེད་དགོས།

ཞུམ་མེད་མདུན་སྐྱོད་ཀྱི་བརྗིད་ཆེའི་བློ་སྟོབས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་འགན་འཁྲི་འཁུར་དགོས།དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཟིན་ཐོར་འགོད་པ།ཆེས་འཕེལ་བའི་སྤྲོ་སེམས་དང་།ཞིབ་ཚགས་པའི་སྨྱུག་རིས།སྙན་འཇེབས་ཀྱི་འགྱུར་ཁུག མི་སེམས་འགུལ་བའི་གཟུགས་བརྙན་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལྷ་སར་ལག་ལེན་ལེགས་འགྲུབ་བྱུང་བ་འཆད་འགྲེལ་ཡག་པོ་བྱེད་པ།ལྷ་སའི་གདོང་དམག་བདུན་ཡག་པོ་བྱེད་པའི་ཚ་ཚ་འུར་འུར་གྱི་བྱ་སྤྱོད་ལེགས་པོ་མངོན་པར་བྱེད་དགོས།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་།ལྷ་སའི་ཁྱད་ཆོས་དང་།ལྷ་སའི་ལུགས་སྲོལ།ལྷ་སའི་ཉམས་འགྱུར་བཅས་ལྡན་པའི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་མགྱོགས་པོ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྔར་བས་རོགས་རམ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ཏང་གི་འགོ་ཁྲིད་ནི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད།རིམ་པ་ཁག་གི་ཏང་ཨུད་ཀྱིས་རིག་རྩལ་གྱི་ཆོས་ཉིད་དང་མཐུན་པའི་བྱེད་ཐབས་སྤྱད་དེ་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་མཁས་པོ་བྱས་ཏེ།རིགས་གྲས་ཆ་ཚང་ཞིང་གྲུབ་ཚུལ་ལུགས་མཐུན་གྱི་རིག་རྩལ་དཔུང་ཁག་ཅིག་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ་དང་།གཙོ་གནད་འགག་སྒྲོལ་དང་ཕྱོགས་མང་པོར་གྲུབ་འབྲས་ཐོབ་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།རིམ་ཁག་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་རིགས་ཞབས་ཞུ་དང་།ལས་རིགས་དོ་དམ།ལས་རིགས་རང་གཅུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་རིག་རྩལ་བྱ་གཞག་ས་མཐོ་ནས་རྩེར་སོན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ལི་ཞུའེ་ཡན་གྱིས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་།གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་རང་སྲུང་དྲང་སྲུང་དང་།བློ་སེམས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ་དང་།འགྲོ་ནུས་དང་།ལྟ་ནུས།བསམ་ནུས།འབྲི་ནུས་བཅས་ཏན་ཏིག་ཆེ་རུ་བཏང་སྟེ་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་འཚོ་བའི་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།ཁོང་གིས་ལྷ་སའི་རིམ་ཁག་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རིག་རྩལ་ཤེས་ལྡན་པ་སྣ་ཚོགས་དང་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དེ་ཁྱབ་རྒྱ་ཆེ་ཞིང་གོང་བུར་འགྲིལ་ཤུགས་ཆེ་བ།དྲོ་སྐྱིད་དང་ཞི་མཐུན་བཅས་ཀྱི་རིག་རྩལ་ལས་དོན་པའི་ཁྱིམ་ཚང་དུ་བསྐྲུན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་རིག་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚོགས་ཞུགས་འཐུས་མི་ཡོངས་དང་ཆེད་མངཊ་གདན་ཞུ་བྱས་པའི་སྐུ་མགྲོན་དང་།རྫོང་(ཆུས)ཁག་དང་། བྱེད་ནུས་ཁུལ།གྲོང་ཁྱེར་ཐད་གཏོཊ་ཀྱི་ཚན་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་།གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲཊ་དང་རིག་གནས་བསམ་བློའི་ཁོངས་གཏོཊ་ཀྱི་ལས་བྱེད་ལས་བཟོ་བའི་འཐུས་མི་བཅས་ཞུཊ་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181456.html 1 /enpproperty-->