ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་22ཉིན།རང་ལྗོངས་ཀྱི་2024ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དེ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་ཡོད་པ་རེད།བྱེད་སྒོ་དེས་སྐྱེ་དངོས་སྣ་མང་རང་བཞིན་ཁྲོད་ང་ཚོ་མཉམ་དུ་ཞུགས་ཞེས་པ་གཙོ་དོན་དུ་བྱས་ནས་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཡོད། ལྗོངས་དང་གྲོང་ཁྱེར་རིམ་པ་ཁག་གི་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས།སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་བྱེད་སྒོར་ཞུགས་ཡོད།
གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད་པ་རེད།
ཀྲའོ་ཧྲི་ཏུང་གིས་ལྷ་ས་གྲོང་ཁྱེར་གྱིས་སྔར་ནས་བཟུང་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ།ལྷ་སའི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ལམ་བུ་ཞིག་བཏོད་ཡོད། ཕྱིས་འབྱུང་ལྷ་ས་གྲོང་ཁྱེར་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ལས་གཞི་རབ་དང་རིམ་པ་མུ་མཐུད་ལག་ལེན་བསྟར་བ། རང་བྱུང་སྲུང་སྐྱོང་ས་ཁུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འབྱུང་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社