分享按钮

གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་6པ་འཚོགས་པ།

ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཕེང་ཧྥེ་ཡུའེ་དང་། ལུའུ་ཚུང་ཧྥུ། ཡུའེ་གོ་ཧུང་བཅས་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་22ཉིན། ལྷ་ས་གྲོང་ཁྱེར་གྱི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་6པ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུད་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག གྲོང་ཁྱེར་དོ་དམ་ཅུས་དང་། རྫོང(ཆུས)ཁག བྱེད་ནུས་ཁུལ་བཅས་ཀྱིས་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་གྲོང་ཁྱེར་གྱི་རྣམ་པར་དོ་དམ་ཚོད་འཛིན་དང་། སྒྲིག་འགལ་གྱི་འཛུགས་སྐྲུན་བཤིག་པ། མདུན་ངོས་ལྔའི་དོ་དམ་ལས་དོན་སྤེལ་ཚུལ། གྲོང་ཁྱེར་འཕྲིན་གཏོང་འཕེལ་རྒྱས་གཞུང་ལས་ཁང་དང་། གཉེར་སྐྱོང་ཚོང་པ་ཆེན་པོ་གསུམ། རྒྱལ་ཁབ་གློག་དྲའི་གློག་སྐུད་གང་བྱུང་དུ་ཁྲིད་པའི་བཅོས་སྒྲིག་དང་གློག་སྒམ་སྒྱུར་བཀོད་ལས་དོན་སྤེལ་ཚུལ་བཅས་ལ་ཉན་པ་རེད།

ཀྲང་ཏིང་ཁྲེང་གིས་ནན་གསུངས་གནང་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་ཆོད་པོས་ཁུར་ནས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལག་བསྟར་ཇུས་གཞིའི》ནང་ཁ་གསལ་བཏོན་པའི་ལས་འགན་ཁག་གཏིང་ཟབ་དང་། ཞིབ་ཚགས། གནད་ལ་འཁེལ་བ། ཏན་ཏིག་བཅས་བྱས་ཏེ། གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་སྤུས་ཚད་མཐོ་བ་དང་ཕན་འབྲས་ལེགས་པོ་ཐོན་ཐུབ་པར་བྱེད་དགོས།

ཀྲང་ཏིང་ཁྲེང་གིས་བླང་བྱ་བཏོན་དོན། ཞན་ཆར་དམིགས་ནས་གནད་དོན་ལ་དམ་འཛིན་དང། འབྱུང་རྩའི་གནད་དོན་ལ་དམ་འཛིན། ཡུན་རིང་གི་གནད་དོན་ལ་དམ་འཛིན་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། དོན་འཁྱོལ་བྱེད་ཐབས་ཞིབ་ཚུགས་སུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱ་ཆེའི་གྲོང་མིའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ལ་སྐུལ་སྤེལ་བཏང་ནས་མང་ཚོགས་ལ་བཅོས་སྒྲིག་བྱ་སྤྱོད་ཁྲོད་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མང་པོ་ཐོབ་པ་ཚོར་བར་བྱེད་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཕེང་ཧྥེ་ཡུའེ་དང་། ལུའུ་ཚུང་ཧྥུ། ཡུའེ་གོ་ཧུང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཕེང་ཧྥེ་ཡུའེ་དང་། ལུའུ་ཚུང་ཧྥུ། ཡུའེ་གོ་ཧུང་བཅས་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181449.html 1 གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་6པ་འཚོགས་པ། /enpproperty-->