分享按钮

གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

བཀྲ་ཤིས་དཔལ་སྒྲོན་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་22ཉིན། གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་རེད།

གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་དང་། གྲོང་ཁྱེར་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དཔལ་སྒྲོན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁོངས་མིའི་ཚན་པ་ཁག་གི་འཐུས་མིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་གྱི་ལས་དོན་ལ་དམིགས་ནས་སྤེལ་རེས་དང་གཏམ་བཤད་གནང་བ་རེད།

བཀྲ་ཤིས་དཔལ་སྒྲོན་གྱིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དང་། བུད་མེད་དང་བྱིས་པའི་ལས་དོན་པས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་བུད་མེད་དང་བྱིས་པའི་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོང་བར་བྱེད་དགོས་པ་དང་། གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས་དང་། བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ། ཁྱིམ་ཚང་གི་ཤེས་དཔལ་དང་བུད་མེད་དང་བྱིས་པར་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། སེམས་ནུས་གཅིག་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ངེད་ཚོའི་མི་དང་། ཁྱིམ་མི། སྙིང་ཉེ་བའི་མི་བཅས་ཡག་པོ་བྱས་ཏེ། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ཆུ་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 བཀྲ་ཤིས་དཔལ་སྒྲོན་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181448.html 1 གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ། /enpproperty-->