分享按钮

གྲོང་ཁྱེར་ཡོངས་ཀྱི་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཆེད་དོན་དབྱེ་ཞིབ་ཀྱི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་21ཉིན། ལྷ་སའི་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་ཆེད་དོན་དབྱེ་ཞིབ་ཀྱི་སློབ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་100ལྷག་ཙམ་སློབ་སྦྱོང་ནང་ཞུགས་པ་རེད། གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་བསྟན་འཛིན་ཉི་མས《སྲོལ་ཡིག》གི་གསར་དུ་བཟོ་བཅོས་བརྒྱབ་པའི་ནང་དོན་ལ་རྒྱས་བཤད་དང་གསལ་འགྲེལ་བྱས་པ་རེད།

གསལ་འགྲེལ་བྱེད་པའི་བརྒྱུད་རིམ་ནང་། བསྟན་འཛིན་ཉི་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་ཀྱི་དུས་བབ་རྒྱས་བཤད་བྱས་པ་དང་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་རྒལ་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་ལ《སྲོལ་ཡིག》ཐད་གསལ་འགྲེལ་གཏིང་ཟབ་བྱས་ཏེ་ཚང་མས《སྲོལ་ཡིག》ལ་བཟོ་བཅོས་བྱས་པའི་རྒྱབ་ལྗོངས་དང་། གཙོ་དོན། ཁྱད་ཆོས། དོན་འཁྱོལ་གྱི་བླང་བྱ་བཅས་ཤེས་རྟོགས་གང་ལེགས་ཐུབ་རྒྱུར་རོགས་རམ་བྱས་པ་རེད།

རྒལ་ཡོལ་ཞུས་པའི་ལས་བྱེད་པའི་ཀྲི་པུའུ་ཧྲུའུ་ཅི་ཝང་ས་ཕིང་གིས་ད་ཐེངས་ཀྱི་སློབ་སྦྱོང་བརྒྱུད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་བས། ངས་ངེས་པར་དུ་སྒྲིག་ཁྲིམས་དང་སྒྲིལ་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་ཨང་དང་པོར་བཞག་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ཁྲིམས་ཀྱི་ངེས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་མི་སྣས་ཏང་གི་ཆེས་གསར་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་ལ་དེ་བས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱ་རྒྱུ་དང་། ཕུགས་བསམ་གྱི་ཡིད་ཆེས་དེ་བས་བརྟན་པོ་ཡོང་བར་བྱས་ཏེ་ཏང་གི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181447.html 1 གྲོང་ཁྱེར་ཡོངས་ཀྱི་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཆེད་དོན་དབྱེ་ཞིབ་ཀྱི་སློབ་སྦྱོང་ཚོགས་འདུ་འཚོགས་པ། /enpproperty-->