(པར་ངོས་དང་པོར་མཐུད)ཕན་ཚུན་ཐག་ཉེ་རུ་བཏང་བ་བཅས་ཀྱི་ཟམ་པ་གལ་ཆེན་ཞིག་རེད། ང་ཚོས་ཨ་རིའི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་དུ་ཕེབས་ནས་ཀྲུང་གོའི་གྲོགས་པོ་ངོ་ཤེས་པ་དང་། ཀྲུང་ཧྭའི་རིག་གནས་ཉམས་ལེན། མཛེས་སྡུག་ལྡན་པའི་རི་ཆུ་ལ་ལྟ་སྐོར། ཀྲུང་གོ་ངོ་མ་དངོས་སུ་མྱོང་ཚོར་བཅས་བྱ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་ད་ཐེངས་ཀྱི་མཐོ་རིམ་གླེང་མོལ་དེ་གོ་སྐབས་སུ་བྱས་ནས། སྤེལ་རེས་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ། བྱ་སྤྱོད་ཧུར་ཐག་སྤེལ་བཅས་བྱས་ནས་ཡུལ་སྐོར་མཉམ་ལས་ལ་བརྟེན་ནས་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་བརྟེན་ནས་ཀྲུང་ཨའི་མཛའ་གྲོགས་རྒྱུན་མཐུད་བྱེད་པ། ཅིའུ་ཅིན་ཧྲན་གྱི་འདུན་མ་དེ་དངོས་ལྗོངས་སུ་འགྱུར་བར་རོགས་རམ་བཅས་བྱ་རྒྱུ་ཡིན།
ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གླེང་མོལ་སྐབས་14པ་དེ་ཉིན་དེར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་ཡུལ་སྐོར་གྱིས་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་པ་དང་། དེ་ཉིད་ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་། ཨ་རིའི་ཚོང་དོན་པུའུ། ཨ་རིའི་ཡུལ་སྐོར་ཁྱབ་གདལ་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社