(པར་ངོས་དང་པོར་མཐུད)གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་སྤྱི་གཞོན་པ་ལི་ཅང་ཤིན་ཚོགས་འདུར་ཞུགས་པ་རེད།
ཝང་ཆང་གིས་རིམ་ཁག་ཚན་ཁག་གིས་མི་དམངས་དང་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་གྱི་བསམ་པའི་རྣམ་པ་དང་དུས་དང་རྣམ་པ་ཀུན་ཏུ་བློ་གཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཐོག་ནས་དོན་དངོས་ལ་གཞི་ཚུགས་པ་དང་། བསམ་ཕྱོགས་གསལ་བ། དམིགས་ཚད་གཏན་འཁེལ་བཅས་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྒུལ་ཤུགས་འཕར་བ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ། འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་གང་མགྱོགས་བསྒྱུར་ནས་ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་འགན་ལེན་ཏན་ཏིག་བྱེད་དགོས། འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། མ་འཇོག་དང་འཛད་སྤྱོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་དང་བྱེད་ཐབས་གསར་གཏོད་དོན་འཁྱོལ་དང་། ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་དགོས། མ་ལག་གཅིག་སྡུད་ཀྱིས་ནུས་ཤུགས་འདོན་པ་དང་། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་འབྲེལ་བ་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་མཉམ་འདུས་ཀྱིས་འཕེལ་རྒྱས་ཆེན་པོ་ཡོང་བའི་འགག་གནད་སྒྲོལ་ས་ཡང་དག་བཙལ་ཏེ་མི་ཤུགས་དང་། ནོར་ཤུགས། སྲིད་ཇུས་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ་ཐབས་ཇུས་འདོན་པ་དང་གཅིག་སྡུད་ཀྱིས་ནུས་ཤུགས་བཏོན་པ་བཅས་བྱས་ཐོག་དཔལ་འབྱོར་འཁོར་སྐྱོད་མགྱོགས་མྱུར་བསྐྱར་འཕར་དང་ལེགས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
བཀྲ་ཤིས་དཔལ་སྒྲོན་དང་། ལུའུ་ཚུང་ཧྥུ། བློ་གསལ། པ་སངས་རྡོ་རྗེ། པདྨ་གཡུ་སྒྲོན་བཅས་ཚོགས་འདུར་ཞུགས་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社