分享按钮

ཤའོ་ཡིའུ་ཚའེ་དང་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པའི་སྤྱི་ཁྱབ་གཞོན་པ་སུན་པིན་དང་བཅས་པ་བཞུགས་མོལ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་21ཉིན།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་སུན་པིན་དང་བཅས་པ་བཞུགས་མོལ་གནང་སྟེ་ཕྱོགས་གཉིས་པོས་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་བཞུགས་མོལ་ནང་ཞུགས་ཡོད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་སུན་པིན་དང་བཅས་པ་ལ་དགའ་བསུ་ཞུས་པ་དང་།འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་ལྷ་ས་ནི་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་རེད།མིག་སྔར་ང་ཚོས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དོན་ཆེན་བཞི་ལ་དམིགས་པ་དང་།འཛུགས་གཏོད་བཞི་ལ་ཤུགས་སྣོན་རྒྱག་པ།གདོང་དམག་བདུན་ཡག་པོ་བྱེད་པར་དམ་པོར་དམིགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181441.html 1 ཤའོ་ཡིའུ་ཚའེ་དང་འཇིག་རྟེན་འཕུར་སྐྱོད་འཆར་འགོད་ཇུས་འགོད་ཚོགས་པའི་སྤྱི་ཁྱབ་གཞོན་པ་སུན་པིན་དང་བཅས་པ་བཞུགས་མོལ་གནང་བ། /enpproperty-->