ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་22ཉིན།ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འགོ་ཚུགས་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་།ཀྲུའུ་ཞི་གཞོན་པ།དྲུང་ཆེ་བཅས་ཡིན་པའི་ལི་ཞུའེ་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་།གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་།ཁྲེན་ཅིང་།ཧོ་ཕུང་།ཀྲང་ཏིང་ཁྲེང་།ལི་ཅང་ཤིན།ཀྲང་ཁྲུན་དབྱང་།མ་ཝུན་ཆིང་།འཕྲིན་ལས་དར་རྒྱས།སུང་ལིའུ་ཀྲུའུ་བཅས་ཚོགས་འདུར་ཞུགས་པ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་འགོ་ཚུགས་ཤིས་ཚིག་གསུངས་པ།གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཚོགས་འདུའི་ཐོག་ད་དུང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་།ཚོགས་པའི་རྩ་འཛུགས་ཀྱི་འཐུས་མིས་རྟེན་འབྲེལ་ཤིས་ཚིག་གསུངས་པ་རེད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社