ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་22ཉིན།རིག་གནས་ཡུལ་སྐོར་པུའུ་དང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་མཛུབ་ཁྲིད་བྱས་པ་དང་།ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་།པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ། ཀྲུང་གོ་ལྕགས་ལམ་པེ་ཅིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་གཉེར་བྱས་པ། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་། ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ལས་དོན་ཁང་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་ཐོག་མ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་ཡོད་ཅིང་། མེ་འཁོར་དེའི་ནང་རྒྱལ་ས་པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་400ལྷག་ཙམ་གྱིས་ལྷ་སར་ཡུལ་སྐོར་དུ་ཡོང་འདོད་ཀྱི་འདུན་པ་བཅངས་ཡོད་པར་མ་ཟད། པེ་ཅིང་དང་བོད་གཉིས་དབར་གྱི་མཛའ་གྲོགས་དང་སྤེལ་རེས་ཟབ་མོ་ཡང་མཚོན་ཡོད།
མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社