分享按钮

ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།

དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་21ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད། ཁོང་གིས་བསམ་བློ་དང་བྱ་སྤྱོད་མགྱོགས་མྱུར་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་ཡིད་ཆེས་བརྟན་པོ་དང་འཕྲལ་ཐག་ཆོད་པོས་ཁ་གཏད་གཅོག་པ་དང་བསམ་བློར་བཅིངས་འགྲོལ་དང་ཐབས་ལམ་ཡང་དག་འཚོལ་བ། དཔལ་འབྱོར་གྱི་དུས་བབ་ཁོང་དུ་ཆུད་པ་ཆུད་པ། ལྷ་སའི་དོན་དངོས་དང་ཟུང་འབྲེལ་གྱིས་རྒྱབ་སྐྱོར་སྲིད་ཇུས་ཁག་གཅིག་ཞིབ་འཇུག་བྱས་ནས་བཏོན་ཏེ་དཔལ་འབྱོར་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་དང་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། 6 6 拉萨日报藏文 c181439.html 1 དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་གནང་བ། /enpproperty-->