ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་21ཉིན། གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་འཕྲུལ་འཁོར་གྱིས་སློབ་སྦྱོང་བྱེད་པར་དམིགས་པའི་ལྷ་སར་དུས་ཐུང་དྲག་ཆར་འབབ་རྒྱུར་རིག་ནུས་ཅན་གྱིས་སྔོན་བརྡ་གཏོང་བའི་བྱ་ཐབས་ཞིབ་འཇུག་གི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། དེས་རང་གྲོང་གི་གནམ་གཤིས་ཐད་ཞབས་ཞུ་སྒྲུབ་པའི་ལས་ཀའི་ཕན་ནུས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་རིག་ནུས་ཅན་གྱི་སྔོན་བརྡ(SCMOC)སོགས་གཙོ་རྒྱུན་རྣམ་པའི་ཞིབ་དཔྱད་དང་ཞིབ་བསྡུར་གྱི་བྱེད་ནུས་མངོན་འགྱུར་བྱུང་ནས། ལས་དོན་པའི་ལས་འབོར་ཉུང་དུ་བཏང་ཡོད་པ་དང་། སྔོན་བརྡ་གཏོང་བའི་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་ཡོད་པ་རེད། འཕྲུལ་ཆས་ཀྱིས་སློབ་སྦྱོང་བྱེད་པར་དམིགས་པའི་ལྷ་སའི་ས་གནས་དེ་གའི་དོན་དངོས་ཀྱི་སྔོན་བརྡ་གཏོང་བའི་མ་ལག་རགས་ཙམ་བཙུགས་ཏེ། ལྷ་ས་གྲོང་ཁུལ་གྱི་བར་སྟོང་དབྱེ་འབྱེད་ཚད་1×1KMབར་མཐོ་རུ་ཕྱིན་པ་དང་། དུས་ཚོད་དབྱེ་འབྱེད་ཚད་72hནང་ཆུ་ཚོད་3བར་མཐོ་རུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་ལ་གནམ་གཤིས་ཐད་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社