(པར་ངོས་དང་པོར་མཐུད)ཧོ་ཕུང་གིས་གྲོང་ཁྱེར་ཡོངས་སུ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་ནི་གྲོང་ཨུད་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། ཚན་པ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་དང་དེ་བཞིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།བསམ་བློ་དང་བྱ་སྤྱོད་དེ་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་།“དམིགས་ཚད་ཆེན་པོ་གསུམ”ལ་དམིགས་པ་དང་།“ཅན་བཞི་མཉམ་འདྲེས”མཐའ་འཁྱོངས།“འདུ་འགོད་ལྔ”ལག་བསྟར་བཅས་བྱས་ཏེ་བསམ་ཕྱོགས་སྔར་བས་གསལ་བཟོ་དང་།ངེས་གནས་གནད་ལ་འཁེལ་བ།གནད་སྨིན་ཤུགས་འདོན་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། 《ལྷ་ས་གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག》རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་།དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ཁྲོད་དམངས་ཀྱི་འདོད་བློ་ལ་དོ་ཁུར་དང་།ཇུས་ཐག་གཅོད་པའི་ནང་ཞུགས་པ།སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ།མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།གཞི་རིམ་གྱི་འཐབ་ས་མདུན་མའི་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱོད་དེ། དཀའ་ངལ་དང་གནད་དོན་དང་།བསམ་འཆར་དང་གྲོས་འགོ་ཉན་འཇོག་དང་བསྡུ་རུབ་བྱས་ནས།དམངས་འཚོའི་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧོའུ་ཅིན་ཧྭ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社