ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀྱིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་བཞི་པར་བྱེད་སྒོ་སྤེལ་བ་རེད།
ད་ལོའི་གཙོ་དོན་ནི་ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་དང་མཛེས་པའི་འཚོ་བ་མཉམ་སྤྱོད་བྱེད་ཅེས་པ་དེ་ཡིན། བྱེད་སྒོའི་ཐོག་དབང་པོ་སྐྱོན་ཅན་གྱི་ལས་གཏོད་པའི་འཐུས་མི་གཉིས་ཀྱིས《དབང་པོ་སྐྱོན་ཅན་སེམས་ཁམས་ཀྱི་དཀའ་ངལ་ལས་ཇི་ལྟར་སྒྲོལ་དགོས》ཞེས་པ་དང་། 《དབང་པོ་སྐྱོན་ཅན་གྱི་ལས་གཏོད་ཉམས་མྱོང》ཞེས་པའི་ཚོར་སྣང་མཉམ་སྤྱོད་བྱས་པའི་ཐོག་ནས་དབང་པོ་སྐྱོན་ཅན་གྱི་ལས་གཏོད་པའི་བློ་བརྟན་འགྱུར་མེད་དང་མི་མངོན་པའི་སྟོབས་ཤུགས་མཚོན་ཡོད། དེ་རྗེས་སྐལ་བཟང་མེ་ཏོག་རོལ་དབྱངས་ཚོགས་པ་དང་རྒན་རྒོན་ཉིན་མོ་ལྟ་སྐྱོང་ལྟེ་གནས་སོགས་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་ནང་མ《སྐལ་བཟང་ཀྱོག་ཀྱོག》དང་། སྒྲ་སྙན《སྐལ་བཟང་ལགས》 རྐྱང་གཞས་སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་མཉམ་དུ་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་སྒོ་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་བསུས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ད་དུང་དབང་པོ་སྐྱོན་ཅན་ལ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་དམངས་ཕན་སྲིད་ཇུས་ཁག་གསལ་སྟོན་བྱས་པའི་བྱང་བུ་སོགས་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཡིག་ཆ་སྤྲད་དེ་དབང་པོ་སྐྱོན་ཅན་ལ་དོན་དངོས་ཐོག་སེམས་ཁུར་བྱེད་ཅིང་དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཁག་གསལ་པོར་བཤད་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་བཞིན་ཡོད་པ་དེ་དངོས་སུ་ཚོར་ཐུབ་པར་བྱས་པ་རེད།
ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཝུའེ་ནན་གྱིས་སླད་ཕྱིན་ང་ཚོས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བླངས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社