(པར་ངོས་དང་པོར་མཐུད)གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་མཐོ་རིམ་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་རྒོད་སྐྱེས་ཀྱིས་ང་ལྷུན་གྲུབ་ཞིང་རར་ལྟ་སྐོར་དུ་ཡོང་ཐེངས་དང་པོ་ཡིན། དེ་གར་ཕྱོགས་གང་ཅིའི་ཐད་ཧ་ཅང་ཡག་པོ་འདུག ང་ཚོས་གསར་བརྗེའི་སྙིང་སྟོབས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཡོད། ཕྱིས་འབྱུང་། སློབ་གྲྭའི་དགེ་སློབ་སྒྲིག་འཛུགས་བྱས་ནས་ལྷུན་གྲུབ་ཞིང་རར་ལྟ་སྐོར་དང་སློབ་སྦྱོང་བྱས་ཏེ། ཁོང་ཚོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་རྒྱུས་ལོན་དང་གསར་བརྗེའི་སློབ་གསོ་དང་ལེན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
ལྷུན་གྲུབ་ཞིང་ར་ནི་1966ལོར་བསྐྲུན་པ་ཞིག་ཡིན་པ་དང་། རྒྱ་ཆེའི་གཞོན་ནུ་ཤེས་ལྡན་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་སྔར་ལས་ལེགས་པ་དང་ས་གནས་དེ་གའི་འབྲུ་རིགས་མཁོ་སྤྲོད་ནུས་ལྡན་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་ཏེ། ཐོན་སྐྱེད་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་གསར་དུ་བསྐྲུན་པ་ཞིག་རེད། ལོ་ངོ་བཅུ་ཕྲག་ལྷག་ཙམ་རིང་ཞིང་རའི་ལས་བཟོ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་། འབད་བརྩོན་ཧུར་ཐག གཅིག་སེམས་གཅིག་སྦྲེལ་བཅས་བྱས་ནས་ཁུ་སིམ་མེར་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2009ལོ་ནས་2013ལོའི་བར། ལྷུན་གྲུབ་ཞིང་རའི་གནས་ཡུལ་རྙིང་པ་སྔ་རྗེས་སུ་རྫོང་རིམ་པ་དང་། གྲོང་ཁྱེར་རིམ་པ། རང་སྐྱོང་ལྗོངས་རིམ་པ་བཅས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པར་བདམས་པ་རེད། ལོ་རྒྱུས་ཀྱི་གསར་བརྗེའི་རྗེས་ཤུལ་དེར་སྲུང་སྐྱོང་དེ་བས་ལེགས་པ་བྱེད་པ་དང་འབྲེལ་གསར་བརྗེའི་ཐོན་ཁུངས་སྤྱད་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དྲིལ་བསྒྲགས་བྱ་ཆེད། 2016ལོའི་ཟླ་10པར། ལྷུན་གྲུབ་རྫོང་གིས་ལྷུན་གྲུབ་ཞིང་རའི་གནས་ཡུལ་རྙིང་པར་སྲུང་སྐྱོང་གི་ལས་གཞི་སྤེལ་འགོ་ཚུགས་པ་དང་། 2019ལོའི་ཟླ་3ཚེས་28ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། རྒྱལ་ཁབ་དང་། ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་ཚན་པས་ལྷུན་གྲུབ་ཞིང་རར་སློབ་གསོའི་རྟེན་གཞི་18བཙུགས་ཡོད།
ལྷུན་གྲུབ་གྲོང་ཁྱེར་མ་འཇོག་ཚོགས་པའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་དང་བོད་ཏིང་ཐའོ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི་ཤིན་པའོ་ཏུང་གིས་སྒོ་དབྱེ་གཉེར་སྐྱོང་བྱས་ཚུན། ལྷུན་གྲུབ་ཞིང་རས་ཁྱོན་མི་ཐེངས་ཁྲི་6.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ད་ལོ་སླེབས་ཚུན་མི་ཐེངས་2500ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། 2023ལོའི་ཟླ་12ཚེས་31ཉིན་རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཅིང་། ང་ཚོས་འགྲེམས་སྟོན་དེ་སྔོན་གྱི་རྩ་གཉིས་སྙོམས་ངོས་ནས་རྩ་གསུམ་སྙོམས་ངོས་སུ་སྤར་ནས་སྒྲ་འོད་གློག་ལག་རྩལ་དང་ད་ཡོད་ཀྱི་འཛུགས་སྐྲུན་སྤྱད་དེ་སློབ་མའི་ཉལ་ཁང་སྐྲུན་ཤུགས་ཆེ་རུ་བཏང་ནས་མཉམ་འགུལ་གྱི་ཚོར་སྣང་ཟབ་ཏུ་བཏང་ཡོད། ལྟ་སྐོར་བ་རྣམས་ལ་ལོ་དེའི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཚོར་ཐུབ་པ་དང་ཉམས་ལེན་གྱི་ཚོར་སྣང་དེ་བས་ཟབ་པ་ཡོང་ཐུབ་ཀྱི་ཡོད་ཅེས་བཤད།
ལྷུན་གྲུབ་ཞིང་ར་ནི་ལྷ་ས་གྲོང་ཁྱེར་གྱིས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བའི་དཔེ་མཚོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད་ཅིང་། གཙོ་གནད་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། རླངས་འཁོར་སྒར་ས། ལྟ་སྐོར་རྐང་ལམ། ཡུལ་སྐོར་གསང་སྤྱོད་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། གསར་བརྗེའི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་གྱི་གྲགས་རྟགས་མང་པོ་གསར་དུ་བཏོད་ཡོད། 2024ལོའི་ཟླ་3ཚེས་31ཉིན་བར་གྲོང་ཁྱེར་ཡོངས་སུ་ཁྱོན་Aརིམ་པའི་མཛེས་ལྗོངས་ཁུལ་35ཡོད་པའི་ནང་།A5རིམ་པའི་མཛེས་ལྗོངས་ཁུལ་2དང་། A4རིམ་པའི་མཛེས་ལྗོངས་ཁུལ་9ཡོད་པ་དང་། སྐར་མ་རིམ་པའི་མགྲོན་ཁང(ཟ་ཁང)ཁྱོན་93ཡོད་པ་དེའི་ནང་། སྐར་མ་ལྔའི་རིམ་པ་3དང་སྐར་མ་བཞིའི་རིམ་པ་28ཡོད། ཚད་ལྡན་གྱི་གྲོང་གསེབ་མགྲོན་ཁང་ཁྱོན་4ཡོད་པའི་ནང་། ཀ་པ་རིམ་པའི་མགྲོན་ཁང་2དང་། གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་ལས་དོན་ཁང་338ཡོད་པ་དེས་ལྷ་སའི་ཡུལ་སྐོར་ལས་རིགས་བརྟན་ལྷིང་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社