(པར་ངོས་དང་པོར་མཐུད)ལྷ་སའི་ཡུལ་སྐོར་ཐོན་ཁུངས་དང་། སྤྱི་ཚོགས་ཀྱི་རིག་གནས། ཁྱད་ལྡན་ཐོན་རྫས། ས་མཐོའི་ཚན་རྩལ་སོགས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་ས་དང་། ལྷ་སའི་ཁྱད་འཕགས་ཀྱི་ཡུལ་ལྗོངས། ལྷ་སའི་སྤྱི་ཚོགས་ཀྱི་རིག་གནས་ངོ་སྤྲོད་བྱས་པར་མ་ཟད། ལྷ་སའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་མང་ཚོགས་དེ་བས་མང་བར་ལྷ་སར་རྒྱུས་མངའ་ལོན་དུ་བཅུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ནང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་དུ་སྤེལ་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམིགས་ནས་ཐང་ཁ་དང་། གདན་གྲུམ་ཟེ། གཟིམ་སྤོས། རིག་གནས་གསར་གཏོད་ཐོན་རྫས། དཀར་ཡོལ། ནས་ཀྱི་ཐོན་རྫས། དཀར་ཆུའི་ཐོན་རྫས། ཚགས་ཤ་སྐམ་པོ། གཏེར་ཆུ་སོགས་ཐོན་རྫས་400ལྷག་ཙམ་བསྡུ་རུབ་བྱས་ཡོད་པས། བྱེད་སྒོ་བརྒྱུད་ནས་གྲོང་མི་དང་ཡུལ་སྐོར་བས་རང་གྲོང་གི་རིག་གནས་གསར་གཏོད་ཡུལ་སྐོར་ཐོན་རྫས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཐུབ་རྒྱུའི་རེ་བ་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྐོར་དང་ཡུལ་སྐོར་བ་མང་པོ་ཞིག་གིས་ཕྱིར་འཚོང་བྱ་ཡུལ་དུ་ཐོན་རྫས་ཀྱི་ཁྱད་ཆོས་ཤེས་རྟོགས་ཞིབ་ཕྲ་བྱེད་ཀྱི་ཡོད། ཡུལ་སྐོར་བ་ཝང་ལགས་ཀྱིས“2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ལྷ་སར་ཡུལ་སྐོར་དུ་ཡོང་བ་ཡིན། དེ་རིང་གི་བྱེད་སྒོར་ལྷ་སའི་རིག་གནས་གསར་གཏོད་ཐོན་རྫས་དང་བོད་སྨན་ཉོས་པ་ཡིན། འཕེལ་རྒྱས་མགྱོགས་པོ་འགྲོ་བའི་ལྷ་སའི་རྣམ་པ་དང་། ཐུན་མིན་གྱི་རིག་གནས། ཡུལ་གོམས་གཤིས་ལུགས་སོགས་མང་པོ་ཤེས་བྱུང”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཁྱད་ཆོས་ལྡན་པའི་རང་ས་རང་ཡུལ་གྱི་ཁེ་ལས་མང་པོ་གདན་དྲངས་ཤིང་། ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་གཙོ་བོར་བྱས་ཏེ། ཡུལ་སྐོར་ཐོན་ཁུངས་དང་། སྤྱི་ཚོགས་ཀྱི་རིག་གནས། ཁྱད་ལྡན་ཐོན་རྫས། ས་མཐོའི་ཚན་རྩལ་སོགས་ཐོན་ལས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་བཞིན་ཡོད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社