分享按钮

མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་བྱ་ཐབས་མང་པོ་སྤྱད་དེ་ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་འཛུཊ་སྐྲུན་ལ་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་བྱེད་པའི་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་བྱེད་སྟངས་མཐའ་འཁྱོངས་ཀྱིས་ཕྱི་ཕྱོགས་ནས་ཚོང་འགུགས་ཐེངས་མང་བྱས་ཏེ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་དངུལ་རྩའི་དར་རྒྱས་ཆེ་བའི་ས་ཁུལ་གྱི་དམིགས་འབེན་དངུལ་རྩ་ཁེ་ལས་ལ་ལྟ་སྐོར་བྱེད་པར་བསྐྱོད་པ་དང་།མཉམ་ལས་ཀྱི་ལྷག་བསམ་མངོན་པར་བྱས་ཏེ།ཚོང་འགུགས་མ་འདྲེན་གྱི་ཆེད་དོན་བྱ་སྤྱོད་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། “ཚོང་ལས་ལ་བརྟེན་ནས་ཚོང་འགུགས་དང་ཁེ་ལས་ལ་བརྟེན་ནས་ཁེ་ལས་ནང་འདྲེན་བྱེད་པ”སོགས་ཚོང་འགུགས་བྱེད་སྟངས་སྣ་ཚོགས་སྤྱད་དེ་མཐོ་གསར་ཁུལ་གྱི་གནས་གཏན་འཁེལ་དང་མཐུན་པའི་དངུལ་རྩའི་རིགས་ཀྱི་སྟོད་སྨད་ཐོན་ལས་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྣེ་ཁྲིད་རང་བཞིན་གྱི་ཁེ་ལས་གཙོ་བོ་གཅིག་སྡུད་བྱེད་པའི་དེང་རབས་ཅན་གྱི་དངུལ་རྩའི་ཐོན་ལས་གཅིག་སྡུད་ཁུལ་ཧུར་ཐག་བཏོད་པ་རེད།མ་འོངས་པར“ཁེ་ལས་གཅིག་དང་དོ་དམ་གཅིག”གི་ཞབས་ཞུ་བཀོད་སྒྲིག་དང་།“བུ་རྫིའི་རྣམ་པ”གཞིར་བཟུང་ཁེ་ལས་ལ་ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན་དང་ཁེ་ལས་ཀྱི་རེ་འདུན་ཐག་གཅོད་བྱས་ཏེ།ཁེ་ལས་ཀྱིས“གཅིག་འཐུས་རྣམ་པའི”ཞབས་ཞུ་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ།ཁེ་ལས་གཞིས་ཆགས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་ཡོངས་ནས་གཞུང་དོན་སྒྲུབ་ཡུལ་འདེམས་པ་དང་།བཟོ་ཚོང་ཐོ་འགོད་བྱེད་པ།འཁོར་བྱང་ལེན་པའི་རེ་ཞུ་འབུལ་བ་སོགས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཁེ་ལས་སྔ་ཙམ་གཞིས་ཆགས་པ་དང་།སྔ་ཙམ་ལས་འགོ་འཛུགས་པ།སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 6 6 拉萨日报藏文 c181431.html 1 མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་བྱ་ཐབས་མང་པོ་སྤྱད་དེ་ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་འཛུཊ་སྐྲུན་ལ་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་བཏང་བ། /enpproperty-->