分享按钮

《ཨ་ཤུན》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་ འདུ་ཚོགས་ལྷ་སར་སྤེལ་བ།

​ཝང་ཧུའེ་འདུ་ཚོགས་ནང་ཞུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དཔེ་ཀློག་གི་ལྷ་ས”གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི“དཔེ་ཀློག་གི་ལྷ་སའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། གྲོང་ཨུད་དྲིལ་བསྒྲགས་པུའུ(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)དང་མཉམ་འབྲེལ་གྱིས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ། ཟླ་5ཚེས་19ཉིན་དམངས་ཡོངས་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པའི་ལོ་འཁོར་གྱི་དཔེ་ཁང་ཡག་ཤོས“དབྱངས་བཞི་དཔེ་ཁང”དུ《ཨ་ཤུན》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་འདུ་ཚོགས་འཚོགས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་གྲགས་ཅན་ཀྲུའུ་ཤུན་གདན་དྲངས་ནས་གཏམ་བཤད་སྤེལ་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་།དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་འདུ་ཚོགས་ནང་ཞུགས་ཡོད་པ་རེད།

ཀྲུའུ་ཤུན་གྱིས་སྔ་རྗེས་སུ《བཤད་ན་དུས་ལས་ཡོལ་བ》དང་།《ཨ་ཤུན》 《ངའི་སྒྱུ་རྩལ་བརྗེད་ཐོ》སོགས་ཀྱི་དཔེ་དེབ་བརྩམས་ཡོད། དེའི་ནང་ནས《ཨ་ཤུན》ཞེས་པའི་དཔེ་དེབ་ནི་2018ལོའི་ཟླ་8པར་འབྲི་ཆུའི་རིག་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མི་སྒེར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག་ཡིན་པ་དང་། གཙོ་བོ་ཀྲུའུ་ཤུན་ཉི་ཧོང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཉི་ཧོང་གི་NHKབརྙན་འཕྲིན་ལས་ཁུངས་སུ་ཞུགས་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་ཕྱིར་ལོག་པ། ཝང་ཀྲི་དང་ངོ་ཤེས་པ་སོགས་གཏམ་རྒྱུད་སྐོར་བརྗོད་ཡོད། ཀྲུའུ་ཤུན་གྱིས་རང་ཉིད་ཀྱི་མི་ཚེའི་མྱོང་བ་ལྷུག་པོར་ཀློག་པ་པོ་རྣམས་ལ་གླེང་ཡོད། མཉམ་སྤྱོད་བྱེད་སྒོའི་ཐོག ཀྲུའུ་ཤུན་གྱིས་རང་ཉིད་ཀྱི་ཀྱག་ཀྱོག་མེ་ཚེའི་བགྲོད་ལམ་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་ཀུན་ལ་ཕྱིར་དྲན་བྱས་ནས་ཁ་ཆར་བུ་ཡུག་དང་དྲག་ཆར་རླུང་འཚུབ་ལྟ་བུའི་དཀའ་སྡུག་ཡོད་ཚད་ཁྱད་བསད་ཇི་ལྟར་བྱས་པའི་སྐོར་རྣམས་ལྷུག་པོར་གླེང་བས། ཡུལ་དངོས་སུ་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ཐེངས་ཀྱི་མཉམ་སྤྱོད་འདུ་ཚོགས་སུ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་རིག་གནས་ལྷན་ཚོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས། ལྷ་ས་གྲོང་ཁྱེར་རིག་གནས་ལྷན་ཚོགས(གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས)གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་དང་། དེ་བཞིན་བོད་ལྗོངས་སློབ་ཆེན་གསར་འགྱུར་རིག་པའི་ཆེད་ལས་སློབ་མ་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མའི་འཐུས་མི་སོགས་གདན་དྲངས་ཡོད་པར་མ་ཟད། དཔེ་ཀློག་ལ་དགའ་བའི་ཀློག་པ་པོ་མང་པོ་འདུ་ཚོགས་ནང་ཞུགས་ཡོད།

མཉམ་སྤྱོད་འདུ་ཚོགས་མཇུག་འགྲིལ་རྗེས། ཀྲུའུ་ཤུན་གྱིས་ཡུལ་དངོས་ཀྱི་ཀློག་པ་པོ་ཚོ་དང་མཉམ་དུ་བགྲོ་གླེང་བྱས་ནས་ངང་རྒྱུད་རིང་པོས་གནད་དོན་ལ་ལན་བཏབ་སྟེ་དོགས་གནས་བསལ་ཡོད། མཇུག་ཏུ་བརྩམས་ཆོས་ལ་མིང་རྟགས་བཀོད་དང་སྦྲགས་ཀློག་པ་པོ་དང་མཉམ་དུ་པར་ཡང་བླངས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 ​ཝང་ཧུའེ་འདུ་ཚོགས་ནང་ཞུཊ་པ། 6 6 拉萨日报藏文 c181428.html 1 《ཨ་ཤུན》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་ འདུ་ཚོགས་ལྷ་སར་སྤེལ་བ། /enpproperty-->