ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ནས་ཁྲོམ་ར་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཁྱད་ལྡན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གསོ་སྤེལ་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་བཅོས་དང་ལེགས་སུ་བཏང་བ་བརྒྱུད།ཁྱད་ལྡན་གསོ་སྤེལ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་གསོ་སྤེལ་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་དུད་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
སྙེ་མོ་རྫོང་དྲིན་སྐྱོང་གྲོང་མི་ཨུ་ལྷན་གྱི་སུའུ་ཧུའུ་ལུག་གསོ་སྤེལ་མཉམ་ལས་ཁང་དུ་སྐྱོད་སྐབས་བལ་དཀར་ཞིང་གཟུགས་སྟོབས་ཆེ་བའི་སུའུ་ཧུའུ་ལུག་གིས་བག་ཕེབས་ངང་གཟན་རྩྭ་ཟ་བའམ་ཡང་ན་གང་སར་མཆོང་རྒྱུག་བྱེད་བཞིན་ཡོད་པ་དང་། གསོ་ཚགས་བྱེད་མཁན་གྱི་གྲོང་མིས་གཟན་རྩྭ་སྟེར་བ་དང་ལུག་ར་གཙང་ཕྱགས་བྱེད་ཀྱི་ཡོད་པས་ལུག་རའི་ནང་འབའ་སྒྲས་ཁེངས་ཤིང་། དེ་ནི་བྲེལ་འཚུབ་དང་འཆམ་མཐུན་གྱི་རྫི་གླུ་ལེན་པ་ཞིག་དང་ཀུན་ནས་མཚུངས། ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་ལུག་རྒྱུད་ཀྱི་སྐྱེ་འཕེལ་དལ་ཞིང་གཟུགས་སྟོབས་ཆུང་བ་སོགས་ཀྱི་གནད་དོན་ལེགས་སུ་གཏོང་ཆེད། པེ་ཅིང་གི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་2021ལོར་སྙེ་མོ་རྫོང་གིས་ས་ཁུལ་གཞན་ནས་སུའུ་ཧུའུ་ལུག་ནང་འདྲེན་བྱས་ཏེ་ཚོད་ལྟ་བྱས་པ་བརྒྱུད་ལུག་རྒྱུད་དེ་ས་མཐོའི་གནམ་གཤིས་དང་འཚམ་ཐུབ་པ་ཤེས་རྟོགས་བྱུང་ཡོད། གཞན་ཡང་།ས་གནས་དེ་གའི་ལུག་དང་སུའུ་ཧུའུ་ལུག་གི་གསོ་སྤེལ་གྱི་ཆ་སྙོམས་དུས་ཡུན་ལོ་འཁོར་གཅིག་ཡིན་ཞིང་། ས་གནས་དེ་གའི་ལུག་ནི་ལོ་རེར་ལུག་ཕྲུག་གཅིག་དང་།སྐྱེ་ཐེངས་རེར་ལུ་གུ་གཅིག་མ་གཏོགས་མཚེ་མ་སྐྱེ་ཡི་མེད། ཡིན་ནའང་། སུའུ་ཧུའུ་ལུག་གི་གཟུགས་སྟོབས་ཆེ་ཞིང་སྐྱེ་འཚར་མགྱོགས་པ་མ་ཟད་ལོ་རེར་ལུ་གུ་ཐེངས་གཉིས་དང་སྐྱེ་ཐེངས་རེར་ལུ་གུ་གཉིས་ཡན་སྐྱེ་ཡི་ཡོད་པ་རེད། དེ་དང་ཆབས་ཅིག་རང་སྤེལ་རང་གསོའི་ལག་རྩལ་ལེགས་སུ་བཏང་བ་བརྒྱུད་སྙེ་མོའི་ལུག་གི་ཁྲོམ་རའི་དགོས་མཁོ་དང་དེ་བས་འཚམ་ཐུབ་པར་བྱས་ཡོད་པ་རེད།
སྙེ་མོ་རྫོང་དྲིན་སྐྱོང་གྲོང་མི་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་ཀྲོའུ་དབྱིན་ཚུང་གིས་2021ལོར་སུའུ་ཧུའུ་ལུག་500ལྷག་ཙམ་ནང་འདྲེན་བྱས་པ་དང་། མིག་སྔར་རྒྱུད་འཕེལ་ནས་ལུག་800ལྷག་ཙམ་ཟིན་ཡོད་ལ་དེའི་ནང་ཕྱིར་འཚོང་བྱས་ཟིན་པ་ཚུད་མེད། ལོ་ལྟར་མང་ཚོགས་6ལས་ཞུཊ་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད་པ་རེད།
སྙེ་མོ་རྫོང་གི་ལུག་གསོ་སྤེལ་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 2023ལོར་སྙེ་མོ་རྫོང་གིས་ཕུ་གསུམ་ཤང་དུ་ལུ་གུ་མང་པོ་སྐྱེ་བའི་ལུག་གསོ་སྤེལ་རྟེན་གཞི་འཛུཊ་སྐྲུན་བྱེད་འགོ་བཙུཊ་ཡོད་ཅིང་།
རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་2000བཏང་བའི་ནང་གཙོ་བོ་ལུག་ཚང་དང་། ཕྱུཊ་རིགས་སྨན་ཁང་། དུག་སེལ་ཁང་། ལོགས་དབྱེའི་ལུག་ཚང་། གཟན་ཆག་ལས་སྣོན་འཁོར་ཁང་སོགས་ཁང་པ་སྟར་པ་9འཛུཊ་སྐྲུན་བྱ་རྒྱུའི་ནང་ཚུད་ཡོད། མིག་སྔར་རྣམ་གྲངས་དེ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ལས་གྲྭའི་བསྡོམས་འབོར་གྱི་བརྒྱ་ཆ་90ལེཊ་གྲུབ་ཟིན་ཡོད། སྔོན་དཔག་བྱས་པ་ལྟར་ན། ཟླ་6པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་ཐུབ་བྱ་རྒྱུ་ཡིན་པ་རེད། རྣམ་གྲངས་ལག་བསྟར་བྱེད་པའི་ཐོག་མའི་དུས་སུ་སུའུ་ཧུའུ་ལུག་1500ཡོད་པ་དང་། གཉེར་སྐྱོང་ལེགས་གྲུབ་ཟིན་རྗེས། སྔོན་དཔག་བྱས་པ་ལྟར་ན། སུའུ་ཧུའུ་ལུག་4350གསོ་སྤེལ་ཐུབ་པ་བྱ་རྒྱུ་དང་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་ཟིན་ནས་ཞིང་འབྲོག་མང་ཚོཊ་དུད་ཚང་10ཡི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་དུད་ཚང་གི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.4ཙམ་ཟིན་རྒྱུ་རེད། གཞན་ཡང་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱས་པ་བརྒྱུད་ཞིང་འབྲོག་པའི་མཉམ་ལས་ཁང་སྒྲིག་འཛུགས་ཅན་དུ་འགྱུར་བའི་ཆུ་ཚད་དང་།དེ་བཞིན་ཚོགས་མིའི་རྩལ་ནུས་སྔར་བས་ཆེ་རུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱ་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ནས་ད་ཡོད་ཀྱི་ཐོན་ཁུངས་གསོ་སྤེལ་གང་ལེགས་བྱས་ཏེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་གཙོ་གནད་དུ་བྱས་ནས་སྣེ་ཁྲིད་ཁེ་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ།ཞིང་དུད་ལ་ལུག་གསོ་སྤེལ་བྱེད་སྟངས་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་དུས་མཚུངས་སྔོན་ཐོན་གསོ་སྤེལ་གྱི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ནང་འདྲེན་བྱས་ནས་ཁྱད་ལྡན་གསོ་སྤེལ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐུབ་པར་བྱས་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད། མིག་སྔར།སྙེ་མོ་རྫོང་གིས་ནོར་གནག་གསོ་སྤེལ་རྨང་གཞིར་འཛིན་པ་དང་། ཕག་པ་གསོ་སྤེལ་ཁྱད་ཆོས་གཙོ་བོར་འཛིན་པ། བོད་བྱ་གསོ་སྤེལ་ལེགས་ཆར་བརྩི་བ། བོད་ལུག་གསོ་སྤེལ་ལ་དམ་འཛིན་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་ཁྱད་ལྡན་གསོ་སྤེལ་གྱི་གྲུབ་ཆ་ལེགས་སུ་བཏང་ནས་གཞི་ཁྱོན་ཅན་གྱི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ཀྱི་རྟེན་གཞི་15བཙུགས་ཡོད་པ་རེད།
སྙེ་མོ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཨན་དབྱང་གིས་ངེད་རྫོང་གིས“རྟེན་གཞི་དང་། མཉམ་ལས་ཁང། གནས་དང་གནས་ཀྱི་ལས་བྱེད་པ། མང་ཚོགས”བཅས་ཀྱི་གཉེར་སྐྱོང་གི་རྣམ་པ་བརྒྱུད་ནས་ཐོན་ལས་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 2023ལོར་མང་ཚོགས་དུད་ཚང་285ལ་སྣེ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་7267བྱུང་ཡོད། ཕྱིས་འབྱུང་།ང་ཚོས་ད་ཡོད་ཀྱི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམ་པོར་དམིགས་ཏེ་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་བ། ཁྱད་ལྡན་གསོ་སྤེལ་གྱི་ལས་རིགས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社